10428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་དྲུང་རྒྱལ་ཐེབས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་བུ་དམ་པ་གང་གི་གདུང་སོབ་སྟེ་དེའི་མཛད་སྲོལ་བསྟན་འགྲོའི་དོན་སོགས་མ་ཉམས་ཤིང་སྐྱོང་བའི་སྐྱེས་བུ་སྟེ། དེ་ཡང་གསས་མཁར་ཕྱི་ནང་གསང་གསུམ་གྱི་བོན་སྡེ་དང་ཐེག་པ་རིམ་དགུའི་ལྟ་སྒོམ་སྤྱོད་པ་སོགས་ཀུན་ལ་མ་རྨོངས་ཤིང་མཁས་པ་མ་ཟད། འགྲོ་དོན་སྐྱོང་བར་ཞི་དལ་གྱི་ངང་རྒྱུན་ལྡན་ཞིང་རྩ་ལག་གི་བསྲུང་བྱའི་དམ་ཚིག་རྣམས་མ་ཉམས་ཤིང་རྫོགས་པར་ལྡན་པའི་སྐྱེས་བུ་ཞིག་དགོས་པར་བཤད་དོ། །
Domain ཆོས་ལུགས།