104283
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་དབལ་ཆེན་གེ་ཁོད་ཀྱི་སྒོ་ནས་ཛྭ་བསྒྲུབ་ཅིང་ཛྭ་དབལ་གྱི་དབང་ཞུས་པའམ་ཐོབ་པའི་དབང་གི་བརྡ་རྟགས་ཏེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། ཧྲིལ་ཆེན་ཙོ་ཡི་དབང་ཐོབ་ལ། །གསེར་དངུལ་ཟངས་ལྕགས་མཁར་བ་ཡི། །ཞུན་ཐིགས་འབར་བའི་ཁྲོ་ཆུ་རྣམས། །དར་དཀར་གཙང་མའི་ཁུད་དུ་དྲིལ། །རྒོད་མདའི་མགུལ་དུ་བཏགས་ཏེ་སྦྱིན། །ཞེས་པས་གོང་གསལ་གྱི་རིན་ཆེན་གསེར་དངུལ་སོགས་ཛྭ་དབལ་གྱི་དབང་ཞུས་པའམ་ཐོབ་པའི་བརྡ་རྟགས་སུ་སྦྱིན་དགོས་པར་གསུངས་ལ། སྦྱིན་ཚུལ་ལའང་དབང་རྟགས་དེ་རྣམས་ཀྱང་དར་དཀར་དྲི་མེད་ཀྱི་ཁུད་དུ་བསྡུས་ཏེ་རྒོད་མདའ་ཞེས་པ་མདའ་ལ་རྒོད་ཀྱི་སྒྲོ་བཏགས་པ་དེའི་མགུལ་དུ་བཏགས་ནས་གནང་དགོས་པར་བཤད་དོ། །དེས་ཀྱང་ཛྭ་དབལ་གྱི་དབང་ཞུས་པའམ་ཐོབ་པའི་བརྡ་མཚོན་པའོ། ། |
| Domain | ཆོས་ལུགས། |