10429

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་དྲུང་རྒྱལ་ཐེབས་ཀྱི་དབང་གི་སྣོད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་བུ་གང་དག་གཤེགས་ཤུལ་དུ་དེའི་མཛད་སྲོལ་སྐྱོང་བའི་སྐྱེས་བུ་གང་ཞིག་རྒྱལ་ཐེབས་སུ་སྐོས་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། གསས་མཁར་ཐེག་པའི་མཐའ་ཀུན་རྟོགས། ངང་ལྡན་སྤྱོད་ཚུལ་རབ་ཏུ་ལྡན། དམ་སྲུན་(བསྲུང་)ལྷུན་དང་ལྡན་པ་ལ། གཡུང་དྲུང་རྒྱལ་ཐེབས་དབང་བསྐུར་རོ། །ཞེས་པས། དེ་ལ་ཡང་ངོ་བོ་བསྟན་པ་སྟེ། བོན་སྒོ་གསས་མཁར་ཕྱི་ནང་གི་དགོངས་དོན་ཀུན་རྟོགས་ཅིང་འགྲོ་ལ་བརྩེ་བའི་ངང་རྒྱུད་ལྡན་པ་དགེ་སྡིག་བླང་དོར་གྱི་གནས་ཆ་ཕྲ་བ་ནས་དམ་པོར་བསྲུང་བ་རི་དབང་ལྷུན་པོ་ལྟར་ལྡན་པ་གཞན་རྐྱེན་གྱིས་གཡོ་བར་མི་ནུས་པའི་སྐྱེས་བུ་ཞིག་དགོས་སོ། །
Domain ཆོས་ལུགས།