10432
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། གཙོ་བོ་གཡུང་དྲུང་སེམས་དཔའ་རྣམས་སྒྲིབ་པ་སྦྱང་ཐབས་ཀྱི་མན་ངག་ལེའུ་ཞིག་སྟེ། དེ་ལ་གཡུང་དྲུང་སེམས་དཔའ་ལྟུང་བ་བཤགས་པའི་མདོ་ཆོག་འབྲེལ་བའི་མན་ངག་ཞེས་བྱའོ། །བརྗོད་དོན་ནི། བཤགས་སྡོམ་ཕྱིར་དུ། ཡེ་གེ་བརྒྱ་པ་གཟུངས་སམ་ཡིག་བརྒྱའི་སྙིང་པོ་དེ་བསྟན་པའོ། །ལེའུ་འདི་ནི་ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོའི་པར་མ་ཅན་གྱི་བོན་གྱི་བཀའ་འགྱུར་པོད་དྲུག་ཅུ་རེ་བདུན་ལས་ཡོད་དོ། །བཀའ་གཏེར་ཏེ། གཏེར་སྟོན་ནི་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པའམ་མི་འགྱུར་གསང་སྔགས་གྲགས་པ་ཡིན་པ། བཀའ་འགྱུར་བརྒྱུད་རིམ་ལས་གསུངས་པས་སོ། ། |
| Domain | ཆོས་ལུགས། |