104371
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༨༠༣ ལོར་མདོ་སྨད་རྩེ་གཞུང་བྲག་དམར་མདོར་འཁྲུངས། དགུང་ལོ་བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། གུང་ཐང་བསྟན་པའི་སྒྲོན་མེ་དང་དཔལ་མང་པཎྚི་ཏ་སོགས་ཡོངས་འཛིན་བཅུ་ཕྲག་གསུམ་དུ་ཉེ་བ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད་དེ་མཁས་པའི་ཕུལ་དུ་གྱུར་ཞིང། དབང་ལུང་མན་ངག་གི་དབང་པོ་ལྟ་བུར་གྱུར་ཏེ་ཡུལ་མདོ་སྨད་ཀྱི་མདོ་རྒྱུད་མན་ངག་གི་ཁུངས་ལྟ་བུར་བརྩི། གསུང་རྩོམ་པོད་ཉི་ཤུ་ཡོད་པ་ལས་པོད་གྲངས་བདུན་ཤིང་དཔར་དུ་འཁོད་ཅིང་རྒྱལ་དབང་བཅུ་གསུམ་པའི་བཀའ་བཀོད་ལྟར་རྩེ་ཞོལ་དུ་འདི་བའི་གསུང་རྩོམ་དཔར་བཞེངས་གནང་བ་ད་ལྟའང་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ཀུན་མཁྱེན་སྐུ་ཕྲེང་བཞི་བ་དང་ཞྭ་དམར་པཎྚི་ཏ། ཨ་ལགས་བླ་ཁོ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན། དགུང་ལོ་དོན་གསུམ་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོར་སྐུ་མྱ་ངན་ལས་འདས། |