104384

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་གར་དམར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་བའི་ཕྱི་པགས་སྐྱ་ལ་ནང་སྨུག་པ་དང༌། ཡལ་ག་དང་ཡལ་ཕྲན་མང་བ། ལོ་མ་སྔོ་ལྗང་འཇམ་ལ་མཐུག་པ་སྙིང་དབྱིབས་ཀྱི་མཐར་ཉག་ཕྲན་ཡོད་པའི་རྒྱབ་སྐྱ་ཞིང་། ངར་པ་ཅུང་རིང་བ་ཡོད་ཅིང༌། མེ་ཏོག་སེར་སྐྱ་ཆུང་ངུ་དྲིལ་དབྱིབས་འདྲ་བ་ལོ་མའི་མཚམས་ནས་འཆར་བ། འབྲས་བུ་རིལ་མོ་ཆུང་ངུ་འདོགས་པ་སྟེ། བོད་ཀྱི་སྤོ་ཡུལ་དང༌། མེ་ཏོག མོན་ཡུལ་སོགས་སུ་སྐྱེ་བ། ལོ་མང་སོང་བའི་སྡོང་པོ་སྟོན་མཚམས་སུ་བཏུས་ཏེ་དུམ་བུར་གཏུབས་ནས་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་ལྕི་བས་སྲོག་རྩའི་ནད་དང༌། སྙིང་ལ་ཚ་བ་དང་རླུང་ཞུགས་པ། དབང་རྩ་ཉམས་པའི་རིགས། སེམས་མི་བདེ་བ་སོགས་ལ་ཕན་པ་དང༌། ཁྱད་པར་རླུང་དང་ཚད་པ་སེལ་བར་བྱེད་པ་ཡིན།