104385
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་བ་ཕྱི་པགས་ལྗང་སེར་འཇམ་པོ་ཡོད་ཅིང༌། ཡལ་ག་དང་ཡལ་ཕྲན་གྱེས་པ། ལོ་མ་མཐུག་འཇམ་ལྗང་ནག་རེས་མོས་སུ་སྐྱེ་ཞིང༌། མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་དྲུག་བདུན་ཙམ་འཆར་བ་དང༌། འབྲས་བུ་སྒོང་དབྱིབས་སྤུ་འཇམ་སྐྱ་བོ་ཅན་འདོགས་པ། སྨན་དུ་དགོས་པ་ནི་སྡོང་པོ་སྟེ། ཤིང་རྒྱུ་སྲ་ལ་མཁྲེགས་པ་དང་ལྕི་ཞིང་སྣུམ་ཚི་དང་ལྡན་པ། ནག་པོ་རྭ་ཅོ་འདྲ་བ་ལ་བསྲེགས་ན་དྲི་ངད་ཞིམ་པོ་མནམ་པ། འདི་ལའང་སྲ་མཁྲེགས་སྣུམ་ཅན་ཆུ་སྟེང་དུ་བཞག་པས་གཏིང་དུ་བྱིང་བའམ་ཕྱེད་ཙམ་བྱིང་བ་མཆོག་དང༌། ཁམ་ནག་སུལ་ཅན་ཆུར་ཡེ་མི་བྱིང་བ། ཁམ་སེར་སོབ་པ་ཆུ་ཁར་ལྡིང་ལ་སྣུམ་པ་དང༌། དྲི་ངད་མེད་པ་སོགས་རིམ་པས་དམན་པ་ཡིན་ཏེ། ཨེ་ཤ་ཡ་གླིང་གི་ཚ་བ་ཆེ་བའི་ས་ཁུལ་གྱི་རྒྱ་གར་དང༌། ཧིན་རྡུ་ཉི་ཤི་ཡ། མ་ལེ་ཤི་ཡ། འབར་མ་སོགས་སུ་སྐྱེ་བ་མང༌། རྩ་བ་དང་སྡོང་པོ་དུས་ཚོད་ངེས་མེད་དུ་བཏུས་ཏེ་ཕྱི་པགས་མེད་པ་བཟོས་ནས་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ལ་བསིལ་བས་སྲོག་རྩའི་ནད་དང༌། སྙིང་ལ་ཚ་བ་དང་རླུང་ཞུགས་པ། དབང་རྩ་ཉམས་པའི་རིགས། སེམས་མི་བདེ་བ་དང༌། སྨྱོ་བ་སོགས་ལ་ཕན་པ་ཡིན། |