104386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་གར་སྐྱ་བོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོའི་ནང་གི་ཁ་དོག་སྐྱ་ལ་དྲི་ཞིམ་པ་དང༌། ཡལ་ཕྲན་དང་མེ་ཏོག་བཅས་ལ་སྤུ་འཇམ་ཡོད་པ། ལོ་མ་ལྗང་སེར་མཐུག་འཇམ་སྒོང་དབྱིངས་རེ་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་པོ་ཆུང་བའི་ནང་དུ་དམར་མདངས་ཡོད་པ་འདབ་མ་ཅན་ཡལ་ག་དང་སྡོང་པོའི་རྩེར་འཆར་བ། འབྲས་བུ་སྒོང་དབྱིབས་ཅན་གྱི་ཕྱི་ལ་སྤུ་ཆུང་དང་ནང་དུ་ཚི་གུ་ནག་པོ་ཡོད་ཅིང༌། སྨན་དུ་དགོས་པ་སྡོང་པོ་སྟེ། ཤིང་ཡང་ལ་སོབ་ཅིང་ཁ་དོག་ཁམ་སེར་དང༌། ཚི་བའམ་སྣུམ་ཞག་གི་ཐིག་འདྲེས་པ། མེར་བསྲེག་ན་སྣུམ་ཚི་ཁོལ་ཞིང་དུད་པ་ཆེ་བ། དྲི་ཞིམ་ངད་དང་ལྡན་པ་ཞིག་སྟེ། རྒྱ་ནག་གི་ལྷོ་ཕྱོགས་ས་གནས་ཁག་དང༌། བོད་ཀྱི་རྫ་ཡུལ། ཆབ་མདོའི་ཚྭ་ཁ་ལྷོ་སོགས་ཀྱི་རི་ཀླུང་གང་སར་སྐྱེ་བ། ལོ་མང་སོང་བའི་སྡོང་པོ་སྟོན་མཚམས་སུ་བཏུས་ཏེ་དུམ་བུར་གཏུབས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཅུང་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ཞིང་བསིལ་བས་སྙིང་གི་ནད་དང༌། སྲོག་རླུང་གི་ནད། དབང་རྩ་ཉམས་པ། གཉིད་ཡེར་བ་སོགས་ལ་ཕན་པ་ཡིན།