10446
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་པའི་མཇུག་དུ་གཙང་ཕྱོགས་སུ་འཁྲུངས། དུས་རབས་བཅུ་གཅིག་པའི་སྟོད་དུ་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་བསྒྲུབས། དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་བཞེས། འདུལ་བ་སོགས་ཆོས་སྐོར་མང་དུ་གསན། བ་འོར་བཟུང་སྟེ་འདུལ་བའི་བསྟན་པ་དར་བར་མཛད། ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན། |