104462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཏི་ཡོ་ག་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། ཨ་ཏི་ཡོ་ག་ནི། དབང་སྒྱུར་ཐབས་ཀྱི་ཐེག་པའམ་ནང་རྒྱུད་སྡེ་གསུམ་གྱི་ཡ་གྱལ་བསྐྱེད་རྫོགས་གཉིས་མེད་དམ་ཟུང་འཇུག་འོད་གསལ་གྱི་རིམ་པ་རྩལ་འདོན་མཛད་པའི་ཐེག་པ་སྟེ། མཚན་གྱི་རྣམ་གྲངས་ལ། ཐིག་ལེའི་རྣལ་འབྱོར་དང་། གཉིས་སུ་མེད་པའི་རྒྱུད་སྡེ་དང་། རྫོགས་པ་ཆེན་པོ་ཨཏིཡོག་ཞེས་ཀྱང་གྲགས་ཤིང་། འདིའི་ལུགས་ཀྱི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། ཨཏིའི་འཇུག་སྒོ་དབང་བཞི་པ་རྩལ་དུ་བཏོན་ཏེ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཞི་ཐོབ་པར་བྱས་ནས། ལྟ་བ་ཆོས་ཐམས་ཅད་རང་རིག་པའི་ངོ་བོར་ཡེ་ནས་སངས་རྒྱས་ཟིན་པས་ལམ་གྱིས་ད་གདོད་སྒྲུབ་མི་དགོས་པར་ཐག་བཅད་ནས། སྒོམ་པ་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཡེ་བབས་སོར་བཞག་གི་ངང་སྐྱོང་བ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་གནད་དྲུག་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གསང་མཛོད་ཀྱི་སྒོ་ཕྱེ་ནས་མངོན་སུམ་དུ་མཐོང་བ་དང་། སྤྱོད་པ་ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་བས་དགག་སྒྲུབ་འཛིན་ཞེན་ལས་འདས་པར་བཞག་པས། འབྲས་བུ་སྣང་བཞི་མཐར་ཕྱིན་ཏེ་ལྷུན་རྫོགས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་སའམ་ཡེ་ཤེས་བླ་མའི་ས་མཐར་ཕྱིན་པར་བྱེད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཨ་ཏི་ཡོ་ག་

|; |@@@ | | }}