104470

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཏི་ཤ་ (1)
Part of speech མིང་ཚིག
Definition ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་ཏེ། ཨ་ཏི་ཤ་ཞེས་པ་ནི་ཕུལ་དུ་བྱུང་བ་སྟེ། རྒྱ་གར་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་ཆུ་རྟ་ཕྱི་ལོ་ ༩༨༢ ལོར་འཁྲུངས། མཚན་དཔལ་མར་མེ་མཛད་ཡེ་ཤེས་ཏེ། མ་ག་དྷཱའི་གཙུག་ལག་གནས་ཆེན་འགའི་ཚོགས་ཀྱི་བདག་པོ་མཛད། ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱིས་འབད་པས་གདན་དྲངས་ནས་བོད་དུ་བྱོན་ཏེ་མདོ་སྔགས་ཐམས་ཅད་བསྡུས་ནས་ལམ་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་གཙོ་བོར་བྱས་པའི་གཞུང་ཉི་ཤུ་ལྷག་ཙམ་མཛད་པའི་སྒོ་ནས་བསྟན་པ་རྒྱས་པར་སྤེལ། བཀའ་གདམས་བསྟན་པའི་སྲོལ་བཏོད། གཞན་ཡང་གསོ་རིག་གི་གཞུང་ཡན་ལག་བརྒྱད་པ་བརྩམས། མངའ་རིས་སུ་ལོ་གསུམ་དང༌། དབུས་གཙང་དུ་ལོ་དགུ་བཞུགས། དོན་གསུམ་པ་ཤིང་རྟ་ཕྱི་ལོ༌ ༡༠༥༤ ལོར་འདས། སངས་རྒྱས་ཀྱི་བསྟན་པ་དང་རིག་གནས་སྤེལ་བ་ལ་བོད་དུ་བཀའ་དྲིན་ཆེ་བས་གངས་ཅན་པས་ཇོ་བོ་རྗེ་ཞེས་ཞེ་སར་བརྗོད།