104476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཏིའི་དམ་ཚིག་ཉི་ཤུ་རྩ་བདུན་ (1)
Part of speech མིང་ཚིག
Definition ༡ རིམ་པར་མ་བྱིན་ལེན། ༢ མི་ཚངས་སྤྱོད། ༣ སྲོག་གཅོད་པ་དང་གསུམ་སྤང་བའོ། །ནང་གི་གསུམ་ནི། ༡ ཕ་མ་རྡོ་རྗེ་སྤུན་སྲིང་དང་རང་ལུས་ལ་སྨོད་པ། ༢ ཆོས་དང་གང་ཟག་ལ་སྨོད་པ། ༣ རང་ལུས་ལ་རྡེག་འཚོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་རྣམས་སྤོང་བའོ། །གསང་བའི་གསུམ་ནི། ༡ རྡོ་རྗེ་སྲིང་གི་ལུས་ལ་རྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ། ༢ རྡོ་རྗེ་མཆེད་ལྕམ་ལ་རྡེག་པ་དང་བླ་མའི་ཡུམ་ལ་གཙེས་པ། ༣ བླ་མའི་གྲིབ་མར་འགོང་བ་དང་སྤྱན་སྔར་ལུས་ངག་གི་སྤྱོད་པ་བག་མེད་རྣམས་སྤོང་བའོ། །གཉིས་པ་གསུང་གི་དམ་ཚིག་གསུམ་ཚན་གསུམ་གྱི་ཕྱིའི་གསུམ་ནི། ༡ རྫུན་ཚིག ༢ ཕྲ་མ། ༣ གཞན་གྱི་ཞེར་འདེབས་པའི་ཚིག་སྨྲ་བ་རྣམས་སྤང་བའོ། །ནང་གི་གསུམ་ནི། ༡ ཆོས་ཀྱི་ཚིག་སྨྲ་བ། ༢ དོན་ཡིད་ལ་བསམ་པ། ༣ གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པའོ། །གསང་བའི་གསུམ་ནི། ༡ རྡོ་རྗེ་སྤུན་སྲིང་གི་ཚིག ༢ བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག ༣ བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པ་རྣམས་སོ། །གསུམ་པ་ཐུགས་ཀྱི་དམ་ཚིག་སུམ་ཚན་གསུམ་གྱི་ཕྱིའི་གསུམ་ནི། ༡ གནོད་སེམས། ༢ བརྣབ་སེམས། ༣ ལོག་ལྟ་གསུམ་སྤང་བའོ། །ནང་གི་གསུམ་ནི། ༡ སྤྱོད་པ་ལོག་པ་བག་མེད། ༢ སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ། ༣ ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་རྣམས་སྤང་བའོ། །གསུང་བའི་གསུམ་ནི། ༡ ཉིན་ཞག་གི་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པར། ༢ ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ། ༣ བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་རྣམས་སྤང་བའོ། །དེ་དག་ནི་ཨ་ཏིའི་དམ་ཚིག་སྤྱི་ཡིན་ནོ། །
Domain ཆོས་ལུགས།