104498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་དཀར་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་ ༡༦༢༧ ལོར་ལྕགས་མདུད་བླ་མ་རྡོ་རྒྱལ་པས་བཏབ། སྐུ་སྨད་རྡོ་ལ་ནུབ་པ་སོགས་ངོ་མཚར་བའི་གྲུབ་རྟགས་བསྟན། དེའི་དོན་གྱིས་རྡོ་རྒྱལ་སྤྲུལ་སྐུར་གྲགས། དེ་ནས་ཁྲོམ་ཁྲི་དཔོན་རྒྱལ་པོའི་སྲས་མོ་བཙུན་མོར་བཞེས། ཞང་པོ་རྗེ་ལ་རྒྱ་ནག་རྒྱལ་པོའི་ཐམ་ག་ཡོད་པ་ཀུན་འདི་ལ་གནང་སྟེ། ཆོས་སྲིད་ཟུང་འབྲེལ་གྱི་ཡུལ་སྡེ་སྐྱོང་ཞིང་དགོན་འདིས་མཚོན་དགོན་པ་མང་པོ་གསར་བཞེངས་གནང་། གྲྭ་མང་ལ་མདོ་སྔགས་ཆོས་ཚུལ་དུ་མ་དང་བཀའ་གཏེར་གྱི་སྨིན་གྲོལ་འཆད་སྤེལ་གནང་། དམ་པ་དེས་གནས་དུས་རྟེན་འབྲེལ་བཟང་པོར་བརྟེན་རྒྱ་གར་གཤོང་བརྒྱད་ཟུར་དུ་མཆོད་གནས་ཀྱི་རྟེན་འདུ་ཁང་ཞིག་བཞེངས་དགོས་དགོངས་ཏེ། ཤིང་ཆ་རྣམས་གྲྭ་པ་ཞིག་ལ་ཤིང་གཅིག་དྲུད་ནས་ཕྱི་མིག་མ་བལྟ་གསུངས། བླ་མའི་ངག་བཞིན་དྲུད་དེ་སོང་བས་རྫུ་འཕྲུལ་གྱིས་ཤིང་ཆ་རྣམས་རང་བཞིན་གྱིས་མར་སོང་བས་སྤུར་ལོ་ཞེས་པའི་ས་དེར་སླེབས་ཚེ་འུར་སྒྲ་ཆེ་རྐྱེན་གྲྭ་པ་དེས་ཕྱ་མིག་བལྟས་པས་ཤིང་ཆ་རྣམས་དེར་བསྡད། དགོན་པའང་དེར་བཞེངས་རྒྱུ་རྟེན་འབྲེལ་འགྲིགས་ཏེ་བཞེངས། མཚན་ལ་རབ་བརྟན་དགོན་གསོལ། ལྷ་ཁང་སྤྱི་ཁང་བཅས་གྲུབ་ནས་གྲྭ་ཁྲལ་བསྡུས་ཏེ་གྲྭ་ལྔ་བརྒྱ་ཡས་མས་ཙམ་ཡོད། གྲུབ་མཐའ་རྙིང་མ་དང་། ཆོས་བརྒྱུད་ཀཿཐོག་པའི་བཀའ་གཏེར་རྙིང་མ་དང་རྫོགས་ཆེན་སྙིང་ཐིག་སྐོར་ལགས།