104941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་བཟོད་དགོན་ (1)
Part of speech མིང་ཚིག
Definition མེ་ཡོས་སྟེ་ཕྱི་ལོ་ ༡༨༠༨ ལོར་གཞི་ཆེན་བསོད་ནམས་དཔལ་ལྡན་གྱིས་སྒོ་ཆེན་ཆོས་ལུང་ཞེས་པར་ནག་སྒར་ཞིག་བཏབ། དགེ་འདུན་པ་བརྒྱ་ཙམ་འདུས་ནས་མགོན་ཚང་བླ་མ་ཀུན་ཆེན་དང་། མགོན་ཚང་བླ་དཀོན་མཆོག ཨ་བཟོད་བླ་མ་བདེ་ཆེན་སོགས་ཀྱིས་རིམ་པར་བསྐྱང་། ལྕགས་འབྲུག ཕྱི་ལོ་ ༡༩༤༠ ལོར་ཨ་པང་སྤྲུལ་འགྱུར་མེད་ཡོན་ཏན་རྒྱ་མཚོ་དང་། ཁྲ་ལི་བླ་མ་བློ་གྲོས་རྒྱ་མཚོ། རོང་པ་བླ་མ་བྱང་ཆུབ་ཚུལ་ཁྲིམས་སོགས་ཀྱིས་ད་ལྟའི་ཆགས་གནས་མཎྜལ་ལ་ཞུག་ཏུ་གནས་སྤོར་ཏེ་བཤད་སྒྲུབ་ཀྱིས་བསྟན་པ་སྤེལ་ཀྱང་དུས་དབང་གིས་ཉམས་རྒུད་དུ་གྱུར། །དགོན་འདིའི་རྡོ་རྗེ་འཛིན་པའམ། ཁྲི་རབས་རིམ་བྱོན་ནི། གཞི་ཆེན་བསོད་ནམས་དཔལ་ལྡན། བླ་མ་ཀུན་ཆེན། བླ་མ་དཀོན་མཆོག བླ་མ་བདེ་ཆེན་རྒྱ་མཚོ། བླ་མ་རྣམ་སྲས། བླ་མ་བསྟན་འཛིན། བླ་མ་ཆོས་རབ། ཨ་པང་སྤྲུལ་འགྱུར་མེད་ཡོན་ཏན་རྒྱ་མཚོ། གཞི་ཆེན་བླ་མ་ཨོ་རྒྱན་ཆོས་གྲགས། དྲ་ལི་བླ་མ་བློ་གྲོས་རྒྱ་མཚོ། བྱ་བཏང་བ་འཇིགས་མེད་རང་གྲོལ། མགོན་ཚང་བླ་མ་བསོད་ནམས་སྙིང་པོ། སྤྲུལ་འཇིགས་མེད་དབང་དྲག་དང་། གྲུབ་དབང་བཀྲ་ཤིས་ཕུན་ཚོགས་རྣམས་སོ། ། གཞི་ཆེན་བསོད་ནམས་དཔལ་ལྡན། བླ་མ་ཀུན་ཆེན། བླ་མ་དཀོན་མཆོག བླ་མ་བདེ་ཆེན་རྒྱ་མཚོ། ཨ་བཟོད་བླ་མ་རྣམ་སྲས། བླ་མ་རྒྱ་མཚོ། བླ་མ་བསྟན་འཛིན་ནོར་བུ། བླ་མ་ཆོས་རབ། རོང་པ་བླ་མ་བྱང་ཆུབ་ཚུལ་ཁྲིམས། མགོན་ཚང་བླ་མ་བསོད་ནམས་སྙིང་པོ། མཁན་ཨོ་རྒྱན་དོན་འགྲུབ་སོགས་སྔ་ཕྱིའི་མཁན་རབས་རིམ་བྱོན་གྱིས་བསྐྱངས།