104946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོན་ཏན་རྒྱ་མཚོས་བོད་རབ་བྱུང་བཅུ་བཞི་ས་བྱི་ལོ་ཕྱི་ལོ ༡༨༢༨ ཨ་བསེ་མདོ་ལུང་དགོན་ཞེས་ལྷ་ཁང་བཞེངས། འདིའི་སྐབས་ཀཿཐོག་བདུད་འདུལ་བཞི་པ་རིག་འཛིན་འཇིགས་མེད་མགོན་པོ་གནས་འདིར་ཆིབས་ཕེབས་མཛད་ནས་གནས་དེར་བྱིན་བརླབས་དང་། བླ་མ་བིས་མགོ་ཡོན་ཏན་རྒྱ་མཚོས་ལྷ་ཁང་བཞེངས་པ་ལ་སྦྱིན་བདག་མཛད་ནས་རྒྱལ་བ་ཀཿཐོག་པའི་ཆོས་སྡེ་རུ་སྐུ་བདག་མཛད། དེའི་རྗེས་ནས་རྫ་མདོ་སྲོང་ཟེར་བའི་ས་ཆ་ལ་དགོན་པ་སྤོས། དེའི་རྗེས་སུ་ཡང་འབྲོང་དེའུ་ལ་སྤོས་ནས་དགོན་མིང་ལ་ཡང་ཨ་བསེ་འབྲོང་དེའུ་དགོན་ཞེས་གྲགས། མཆོག་སྤྲུལ་ཡེ་ཤེས་བཟང་པོས་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་པདྨ་འོད་འབར་གྱི་མྱོང་གྲོལ་་ཚེས་བཅུ་ཆེན་མོའི་བུམ་སྒྲུབ་གསར་དུ་བཙུགས། དེང་སྐབས་རྒྱུན་སྡོད་གྲྭ་བ་དགུ་བཅུ་ཡོད། |