104947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་བསྟན་ཕུན་ཚོགས་ (1)
Part of speech མིང་ཚིག
Definition ནང་ཆེན་སྐྱོ་ བྲག་ཁང་ནེ་དགོན་པའི་བསྟན་བདག་ཡིན། སྐུ་ཕྲེང་རིམ་བྱོན་ཐམས་ཅད་འབའ་རོམ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྐྱེས་ཆེན་ཤ་སྟག་བྱུང་ཞིང་། ཀརྨ་བཀའ་བརྒྱུད་ཀྱི་རྒྱལ་བ་ཡབ་སྲས་རྣམས་དང་ཕན་ཚུན་ཆོས་ཀྱི་འབྲེལ་བ་ཟབ་མོའང་ ཡོད་དེ། རྗེ་བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱལ་དབང་ཀརྨ་པ་ཆོས་ གྲགས་རྒྱ་མཚོ་བླ་མར་བསྟེན་པས། ས་ཐོབ་ཀྱི་སེམས་དཔར་བསྔགས། རྗེ་ཁང་ནེ་ཡེ་ཤེས་བཟང་པོས་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་པས་གསོལ་ལྷུང་གནང་ནས་འདུལ་བསྟན་སྙིང་ནོར་དུ་འཆང་དགོས་པའི་བཀའ་སློབ་བསྩལ་དོན་བཞིན། སྐུ་ཕྲེང་རིམ་བྱོན་ཐམས་ཅད་རྟེན་དགེ་སློང་འབའ་ཞིག་བྱུང་བ་ཡིན། སྐུ་ཕྲེང་དྲུག་པ་ཀརྨ་བདེ་ཆེན་ཆོས་མགོན་མདུན་ནས་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་གཅོད་དབང་གསན་ཞུས་མཛད་པས་ཀྱང་མཚོན་ནོ། ། སྤྱིར་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་ནས་བཟུང་སྐུ་ཕྲེང་བརྒྱད་པ་ཀརྨ་ཡོངས་གྲགས་རིན་པོ་ཆེའི་བར་སྐུ་ཕྲེང་བརྒྱད་ཀྱི་རྣམ་ཐར་མདོར་བསྡུས་ཟུར་གསལ་མཚན་ འགྲེལ་གྱི་སྐབས་ལྟར་རོ། །