104985

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་བྱག་གཟེར་འཇོམས་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ལོ་མ་ལྗང་སེར་གསར་སྐྱེས་རྣམས་རུབ་སྐྱེས་ཀྱི་ངར་པ་རིང་ཞིང་། སྒྲོ་དབྱིབས་སྐྲ་ཤད་ཀྱི་སོ་ལྟར་གས་པའི་ལོ་ལྷེབ་སྐུད་པ་འདྲ་བའི་མདུན་ལྗང་ལ་རྒྱབ་སྐྱ་བ་དང༌། སྡོང་པོ་རྐྱང་པ་ཕྲ་ལ་ལྡེམ་ཞིང་ལོ་མ་ལྗང་གུ་སྤུ་ཅན་གཉིས་གསུམ་ཙམ་སྐྱེ་བར་ངར་པ་མེད་པ། མེ་ཏོག་ལི་དམར་རྐྱང་པ་གདུགས་འཁྱིལ་ཅན་སྡོང་པོའི་རྩེར་ཤར་བ། མེ་ཏོག་གི་འདབ་མ་ཕྲ་ལ་ཐུང་ཞིང་ཟེའུ་འབྲུ་སེར་པོ་དབྱིབས་གུར་ཀུམ་མེ་ཏོག་དང་མཚུངས་པ་སྟེ། ཨ་བྱག་གཟེར་འཇོམས་ཆེ་བའམ་རྒོད་པ་མཆོག ཆུང་བའམ་གཡུང་བ་དམན་པ་རིགས་གཉིས་ཡོད་པ། བོད་ཀྱི་རི་མཐོའི་སྤང་གཤོངས་དང་བ་ལུ་སུ་ལུའི་གསེབ་ཏུ་སྐྱེ་བ། མེ་ཏོག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་མ་རུལ་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཅུང་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྣོ་བས་རོ་སྟོད་དང༌། རྩིབ་ལོགས། དེ་བཞིན་མགོ་གཟེར་སོགས་ཟུག་གཟེར་གྱི་ནད་རིགས་དང༌། རུས་པར་གས་ཆག་ཤོར་བ། ཆུ་སེར་ང་རྨའི་གཉན་ཚད་སོགས་ལ་ཕན་པ་ཡིན།
Domain གསོ་རིག

{{#arraymap:ཨ་བྱག་གཟེར་འཇོམས་

|; |@@@ | | }}