104986
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་ཟད་སྦོམ་ལ་རིལ་ཞིང་རིང་བའི་ཕྱི་ལྤགས་རྫ་མདོག་ནང་དཀར་པོ་རྩ་ཕྲན་གྱེས་པ་དང༌། ལོ་མ་སྔོ་ལྗང་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའམ་ཡང་ན་རྦ་རླབས་ལྟ་བུའི་སོ་རིས་ལྡན་པ་ཡང་ཡོད་ཅིང༌། ལོ་མའི་ངར་པ་རིང་བ་གཞི་རྩ་ནས་ཆུན་པོར་སྐྱེ་བའི་དཀྱིལ་ནས་སྡོང་པོ་སྨུག་ལ་ཆིག་སྐྱེས་ལོ་མ་མེད་ཅིང་སྟོད་ཆ་ནས་ཐེའུ་རིམ་བཞིན་བཏང་བ་ལོ་སྡོང་ཚང་མ་ཚེར་མས་ཁྱབ་པ། མེ་ཏོག་སྔོན་པོ་འདབ་མ་ལྔ་དང་ལྡན་པ་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་བ་ནང་དུ་ཟེའུ་འབྲུ་སེར་པོ་དབྱིབས་རྒྱ་མེན་ལྟ་བུ་ཡོད་པ། འབྲས་བུ་ཆུང་ཞིང་སྒོང་དབྱིབས་ཅན་རིམ་བཞིན་གས་པའི་ནང་དུ་བ་སོན་སེར་སྨུག་ཞིབ་ཅིང་མང་བ་ཡོད་པ་སྟེ་ཨ་བྱག་ཚེར་སྔོན་སྒོ་བཟང་དང༌། ཨ་བྱག་ཚེར་སྔོན་སྒོ་ངན་ཞེས་རིགས་གཉིས་དབྱེ་སྲོལ་ཡོད། བོད་ཀྱི་རི་ལྡེབས་དང༌། སྤང༌། བྲག་གསེབ་སོགས་སུ་སྐྱེ་བ། མེ་ཏོག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་ཧམ་རུལ་མ་ཤོར་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྣོ་བས་རུས་ཚད་སེལ་ཞིང་རུས་པར་གས་ཆག་བྱུང་བ་གསོ་བ་དང༌། ལྷ་བ་འདེགས་ཤིང་སྟོད་དང་རྩིབ་ལོགས་གཟེར་བ་སོགས་ལ་ཕན་པ་ཡིན། |
Domain | གསོ་རིག |
{{#arraymap:ཨ་བྱག་ཚེར་སྔོན་
|; |@@@ | | }}