105044
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་རྡོག་གཅིག་ལྷུ་གཉིས་གསུམ་ཡོད་ཅིང་སྐྱེ་ལུགས་ཨ་བྷི་ཥ་མཆོག་དང་འདྲ་བ། སྡོང་པོ་སྔོ་སྨུག་ཕྲ་ལ་མཉེན་པར་ཡལ་ག་མེད་པ་འདྲོང་པོར་སྐྱེས་པ། ལོ་མ་སྔོ་ལྗང་ཕྲ་ལ་རིང་བ་ར་མཉེའི་དབྱིབས་འདྲ་ལ་འཁོར་སྐྱེས་དང་ཁ་སྤྲོད་ངེས་མེད་རིམ་པས་སྐྱེ་བ། མེ་ཏོག་རྒྱ་སྨུག་ཁྲ་ཐིག་ཡོད་པ་འདབ་མ་དྲུག་ལྡན་སྡོང་པོའི་རྩེར་ཁ་ཐུར་དུ་བུབ་ནས་འཆར་བ། འབྲས་བུའི་དབྱིབས་དང་ནང་གི་འབྲུ་གུ་སོགས་ཨ་བྷི་ཥ་མཆོག་དང་མཚུངས་པ་ཞིག་སྟེ། བོད་སོགས་ཀྱི་ཁ་བྱང་བལྟས་ཀྱི་རི་མཐོའི་རྩྭ་གསེབ་དང་ཤིང་མ་ལྡུམ་གྱི་ཁྲོད་དུ་སྐྱེ་བ་མང༌། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་མགོ་བོའི་རུས་པར་གས་ཆག་ཤོར་བ་དང༌། དུག་ཚད་རྒྱས་པ། ཟླ་མཚན་མང་བ་སོགས་ལ་ཕན་པ་དང༌། ཁྱད་པར་གློ་ཡུར་གཉན་ཚད་རྒྱས་པ་དང༌། གློ་ཚད། སྟོང་ཚད། གློ་རྣག་སོགས་ལ་ཕན་པ་ཡིན། |
| Foreign | རྒྱ་གར། |
| Domain | གསོ་རིག |