105046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་བྷི་ཥ་མཆོག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཤ་རྒྱུ་ཅན་དབྱིབས་སྒོག་པ་འདྲ་བའི་རྩ་རྡོག་ཆེ་ཆུང་སྣ་ཚོགས་ལ་ཉ་ཁྲབ་ལྟ་བུའི་ལྷུ་གཉིས་གསུམ་ཡོད་པ་གཅིག་གིས་གཅིག་བཏུམ་པ་ལྟར་སྐྱེ་བ་དང༌། སྡོང་པོ་ཕྲ་ལ་འདྲོང་ཟིང་མདོག་ལྗང་སྨུག་ལ་ནག་ཐིག་ཡོད་པ་རྐྱང་པ་ཡལ་ག་མེད་པ། ལོ་མ་སྔོ་སྐྱ་མཐུག་པ་སྒོང་དབྱིབས་འདྲ་བའི་མཐའ་མཉམ་པ་རྩ་རིས་གསལ་ལ་ངར་བ་ཐུང་ངུས་སྡོང་པོ་བཏུམ་པ་གཉིས་ཁ་སྤྲོད་བྱས་ནས་སྐྱེ་བ། མེ་ཏོག་དཀར་སེར་སྨུག་པ་སོགས་མ་ངེས་པར་སེར་ཐིག་གམ་ནག་ཐིག་ཅན་ཁ་ཐུར་དུ་འཕྱང་ནས་འཆར་བ། འབྲས་བུ་སྐྱི་ལྤགས་ཅན་བུམ་དབྱིབས་འདྲ་བར་ཟུར་དྲུག་དོད་པའི་ནང་འབྲུ་གུ་དཀར་ཞིང་། སྲབ་ལ་ལེབ་པའི་མཐར་གཤོག་པ་ཅན་བརྩེགས་ནས་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་གཡའ་ཤག་དང༌། རྫ་རིའི་གཡའ་གསེབ་ཏུ་སྐྱེ་བ། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་མགོ་བོའི་རུས་པར་གས་ཆག་ཤོར་བ་དང༌། དུག་ཚད་རྒྱས་པ། ཟླ་མཚན་འབྱམས་པ་སོགས་ལ་ཕན་པ་དང༌། ཁྱད་པར་གློ་ཡུར་གཉན་ཚད་རྒྱས་པ་དང༌། གློ་ཚད། སྟོང་ཚད། གློ་རྣག་སོགས་ལ་ཕན་པ་ཡིན།
Foreign རྒྱ་གར།
Domain གསོ་རིག