105097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་མདོ་བྱམས་པ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་ཕྱི་ལོ ༡༩༡༢ ལོར་མདོ་སྨད་གཅན་ཚ་རུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་དབུས་ཀྱི་འབྲས་སྒོ་མང་ཆོས་གྲྭར་ཞུགས། ཆུང་དུས་ནས་རི་མོའི་ཕྱོགས་ལ་ཐུགས་སྣང་ཆེ་བས་སློབ་གཉེར་གྱི་ཞོར་དུ་རི་མོ་བསླབས། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་དབུས་མཛེས་རྩལ་སློབ་གླིང་ཏུ་ཞུགས་ནས་རྒྱ་རིགས་དང། ནུབ་གླིང་གི་སྲོལ་རྒྱུན་རི་མོ་འབྲི་རྩལ་སོགས་དཔྱིས་ཕྱིན་པར་སྦྱངས། ནོར་གླིང་སྐལ་བཟང་ཕོ་བྲང་གི་སྡེབས་རིས་དང་ཐང་ག་སོགས་འབྲི་བའི་ལས་ལ་ཞུགས་ཤིང། ཁོར་གིས་བྲིས་པའི་རྒྱལ་དབང་བཅུ་གསུམ་དང་བཅུ་བཞི་པའི་སྐུ་ཐང་དང། སྟོན་པའི་མཛད་ཐང་སོགས་མཛེས་རྩལ་ཁྱད་འཕགས་ལྡན་པས་སྙན་གྲགས་ཧ་ཅང་ཆེ། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ཏེ་བོད་གཞུང་བཀའ་ཤག་ཏུ་བཞུགས་པའི་མེས་དབོན་རྣམ་གསུམ་དང། དྷ་ས་གཙུག་ལག་ཁང་གི་ཆོས་རྒྱལ་མེས་དཔོན་རྣམ་གསུམ། སྨན་རྩིས་ཁང་གི་རྒྱལ་དབང་བཅུ་བཞི་བའི་སྐུ་ཐང་སོགས་འགྲན་ཟླ་བྲལ་བའི་མཛེས་རིས་མང་པོ་བྲིས་པ་ད་ལྟའང་ཡོད། ཁོང་ནི་བོད་དང་རྒྱ་ནག ནུབ་ཕྱོགས་བཅས་ཀྱི་སྲོལ་རྒྱུན་རི་མོ་བཅས་གནའ་དེང་ཟུང་འབྲེལ་གྱི་རི་མོ་འབྲི་རྩལ་ཁྱད་པར་བ་ལྡན་པའི་སྒྱུ་རྩལ་བ་འགྲན་ཟླ་བྲལ་བ་ཞིག་ཡིན། བོད་དུ་ཕྱིར་ལོག་ནས་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང། རྒྱལ་ཡོངས་མཛེས་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ། བོད་རང་སྐྱོང་ལྗོངས་རིག་གནས་དོ་དམ་འཐུས་མི་ལྷན་ཁང་གི་ཞིབ་འཇུག་པ་ཆེན་མོ་སོགས་ཀྱི་མཚན་གནས་བཞེས།

{{#arraymap:ཨ་མདོ་བྱམས་པ་

|; |@@@ | | }}