105142

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཙ་ར་མི་གསུམ་ (1)
Part of speech མིང་ཚིག
Definition བོན་གྱི་བསྟན་པ་ཕྱི་དར་སྐབས་སུ་བྱོན་པའི་གཏེར་སྟོན་ཐོག་མ་ཞིག་ཡིན་པ་མ་ཟད་བསྟན་པ་ཕྱི་དར་ཡང་དེ་ནས་དབུ་ཚུགས་པ་སྟེ། ལེགས་བཤད་རིན་པོ་གཏེར་མཛོད་ལས། ཨ་ཙ་ར་གསུམ་གྱིས་གཏེར་གྱི་དབུ་བརྙེས་པ་ནས་བཟུང་བོན་ཕྱི་དར་འདོད་དགོས་སོ། ཞེས་སོ། །ལྷོ་བལ་པོ་ཡུལ་ནས་ཡོང་བའི་ཨ་ཙ་ར་དཀོན་མཆོག་གྲགས་པ་དང་། ཉ་མོ་མགོན་པོ། སད་ཀུན་རཏྣ་དང་གསུམ་གྱིས་བོད་ལ་གསེར་ཅི་འདོད་དུ་བླང་རྒྱུ་འདུག་ཟེར་བའི་གཏམ་དེ་ཐོས་རྐྱེན་གྱིས་དབུས་ཀྱི་བསམ་ཡས་སུ་སླེབས། ཉིན་ཅིག་ལྷ་ཁང་ནང་ནས་ཁྲོ་ཆུས་བཏབ་པའི་ལྗི་ཏིག་གི་སྒམ་གཅིག་ཁྱེར་ནས་སོང་ཡོད། ཁུག་སོ་ཞིག་ནས་ཁ་ཕྱེས་བལྟས་ཚེ་བོན་དུ་འདུག་པས་ཁོང་གསུམ་ལ་དགོས་མཁོ་ཡང་མ་བྱུང་། བར་ལམ་དུ་བོན་གཏེར་རྣམས་འཚོ་ནོར་དང་བརྗེ་སྟེ། ལས་ཀྱི་དབང་གིས་བོན་གཤེན་རྣམས་དང་རིམ་པས་འཕྲད་ནས་བོད་སྨད་དུ་མཐའ་བཞི་འཕྲུལ་གསལ་གྱིས་བརྒྱུད་ནས་སྨད་རྒྱུད་དང་། སྟོད་ཚ་བོ་གཟེ་རྒུ་ཡིས་བརྒྱུད་ནས་དར་ཡོང་བ་ནི་སྟོད་རྒྱུད་ཅེས་བྱའོ། །དེ་ཡང་ཨ་ཙ་ར་མི་གསུམ་ནས་བོན་གཏེར་བཞེངས་ཚུལ་ཡང་ཤུགས་ལ་བསྟན་ཡོད། །

{{#arraymap:ཨ་ཙ་ར་མི་གསུམ་

|; |@@@ | | }}