From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨ་ཝ་ (1)
| Part of speech
|
མིང་ཚིག
|
| Definition
|
ན་ཚོད་ཆུང་བའི་ཕྲུ་གུ་ཚོར་འབོད་པའི་གཅེས་མིང།
|
| Example
|
སློབ་གྲྭའི་ཨ་ཝ་ཚོས་སློབ་སྦྱོང་ཡག་པོ་བྱོས། ཨ་ཝ་ཚོ་གཅེས་སྐྱོང་ཡག་པོ་བྱོས་ལྟ་བུ།
|
| Type
|
ཡུལ་སྐད།
|
ཨ་ཝ་ (2)
| Part of speech
|
མིང་ཚིག
|
| Definition
|
བོད་སྐད་དུ་བསྒྱུར་ན་སྒོ་འབྱེད་ཅེས་པའི་དོན་ཏེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་མིག་ནད་དང༌། དུག་ནད་སེལ། བྱང་ཁོག་གི་རྨའི་རྣག་ཆུ་སྐེམ་བྱེད་ཀྱི་སྔོ་སྨན་གྱི་རིགས་ཤིག
|
| Foreign
|
རྒྱ་གར།
|
ཨ་ཝ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔོ་སྨན་ཀོ་ཤ་སྟེ། ལུས་སྟོབས་སྐྱེ་བ་དང༌། སྙིང་དང་མཁལ་མའི་ནད་གསོ་བར་བྱེད་པའི་སྨན་ཞིག
|