105186
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་མཁྲེགས་ཤིང་སྐྱ་བ་སྟར་སྡོང་གི་དབྱིབས་འདྲ་བར་ཡལ་ག་དང་ཡལ་ཕྲན་མང་བ་དང༌། ལོ་མ་ལྗང་སེར་མཐུག་ཅིང་འཇམ་པ་གཙགས་བུའི་དབྱིབས་འདྲ་བ་ཅུང་ཆེ་ཞིང་མཐའ་མཉམ་པ་གཡས་གཡོན་དུ་བཞི་རེ་དང་དབུས་གཅིག་བཅས་དགུ་རེ་ཡོད་པ་དང༌། མེ་ཏོག་སྨུག་པོ་སྲན་མའི་མེ་ཏོག་གི་དབྱིབས་ཅན་ཡལ་གའི་མཚམས་ནས་འཆར་ཞིང༌། འབྲས་བུའམ་གང་བུ་གཟའ་བདུད་དཀར་པོའི་གང་བུ་འདྲ་བའི་ནང་དུ་འབྲུ་གུ་ཕྱི་པགས་སྨུག་ལ་ནང་དཀར་པོ་མཁལ་དབྱིབས་ཅུང་དོད་པ་སྟེ། ཨམ་འབྲས་ཨམ་གཙིགས་བསྡམས་པ་འདྲ་ཞེས་པ་དེ་ཡིན། ཡུ་ནན་དང་། རྒྱ་གར། བལ་ཡུལ་སོགས་སུ་སྐྱེ་བ་དང༌། དེའི་འབྲས་བུ་སྟོན་ཁ་སྨིན་མཚམས་སུ་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་བ། ཕན་ནུས་མཁལ་མའི་དྲོད་དང༌། མཁལ་ནུས་ཉམས་པ་སོགས་མཁལ་ནད་ཀྱི་རིགས་ལ་ཕན་པ་ཡིན། |