105187
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོང་པོ་ཆེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྐྱེ་དབྱིབས་སོགས་ཀུ་ཤུའི་སྡོང་པོ་དང་འདྲ་ལ། སྡོང་པོའི་ཕྱི་པགས་སྐྱ་བར་གཉེར་མ་ཅུང་ཡོད་པ། ཡལ་ག་དང་ཡལ་ཕྲན་མང་ཞིང་འདྲོང་བ། ལོ་མ་ལྗང་སེར་མཐུག་ཅིང་ཞེང་ཆེ་ལ་དཀྱུས་རིང་བ་མདུང་རྩེའི་དབྱིབས་འདྲ་བའི་རྒྱབ་ཅུང་སྐྱ་ལ་མཐའ་མཉམ་ཞིང་ངར་པ་རིང་བ་རེ་རེས་མོས་སྐྱེ་ཞིང༌། མེ་ཏོག་སྔོ་ལྗང་ཆེ་ཞིང་འདབ་མ་ལྔ་ལྡན་ལོ་མའི་མཚམས་ནས་བཞད་ཅིང་ཟེའུ་འབྲུ་སེར་ཆེ་བ་མཁལ་མའི་དབྱིབས་འདྲ་བ་དེ་ཤ་རྒྱུ་ཡིན་ཞིང་རོ་བཅུད་ལྡན་པ། ནང་དུ་གང་བུ་ནར་ཅན་དཀྱིལ་འབུར་ཞིང་མཐའ་སྲབ་པ་རྩ་རྒྱུ་སྤུ་འདྲ་བས་བཏུམ་པའི་དབུས་སྙིང་མཁལ་ཞོ་འདྲ་བ་དཀྲོགས་པས་སྒག་སྒག་ཟེར་བའི་ནང་འབྲས་བཟང་བ་དེ་དགོས། ཡང་ལ་ལར་སྒག་སྒག་ཅེས་པའི་སྒྲ་མེད་པ་མདོག་ནག་པ་སོགས་ནི་རུལ་བ་དང༌། འབུས་ཟོས་པ་ཡིན་པས་དམན་པ་སྟེ། སྐྱེ་གནས་རྒྱ་གར་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཚ་བ་ཆེ་བའི་ས་ཁུལ་དང༌། ཡུན་ནན་སོགས་སུ་འདེབས་འཛུགས་བྱས་ནས་སྐྱེ་བ་དང༌། སྨན་དུ་གང་བུའི་ནང་སྙིང་དགོས་པས་འབྲས་བུ་ཟོས་ཚར་རྗེས་གང་བུའམ་ཚི་གུ་མ་རུལ་བར་བསྐམས་ཏེ། བེད་སྤྱོད་སྐབས་གང་བུའི་ཕྱི་པགས་དོར་ཏེ་ནང་སྙིང་བྱེ་མའི་ནང་རྗེན་དྲི་ཐོན་ཙམ་བརྔོས་ནས་སྤྱད་ཆོག རོ་མངར་ལ་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་བས་མཁལ་མའི་དྲོད་དང་མཁལ་ནུས་ཉམས་པ་སོགས་མཁལ་ནད་ཀྱི་རིགས་ལ་ཕན་པ་ཡིན། |