From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨ་རེ་ (1)
| Part of speech
|
འབོད་ཚིག
|
| Definition
|
སྤྲོ་སྣང་གིས་ངོ་མཚར་བའམ་ཡ་མཚན་པ་སྟོན་པའི་ཚིག་སྟེ།
|
| Example
|
གྲོགས་ཁྱེད་དང་མཇལ་བ་ཨ་རེ་སྐྱིད། །ཡུལ་འདི་ལ་སླེབས་པ་ཨ་རེ་དགའ། །ལྟ་བུ།
|
ཨ་རེ་ (2)
| Part of speech
|
འབོད་ཚིག
|
| Definition
|
ཞེ་ནས་ཧ་ཅང་གཅེས་པའམ་དམར་བའི་དོན་ཏེ།
|
| Example
|
བུ་འདི་ཨ་རེ་གཅེས་ལྟ་བུ།
|
ཨ་རེ་ (3)
| Part of speech
|
འབོད་ཚིག
|
| Definition
|
འགྱོད་གདུང་གིས་མནར་བའི་སྐྱོ་སྣང་སྟོན་བྱེད་དེ།
|
| Example
|
རྗེ་ཁྱེད་དང་མ་མཇལ་ཨ་རེ་སྐྱོ། །གསུང་གདམས་ངག་མ་ཐོབ་ཨ་རེ་ཕངས། །ལྟ་བུ།
|