105288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ལག་ཤ་ངག་དབང་བསྟན་དར་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་ ༡༧༥༩ ལོར་སོག་ཡུལ་ཨ་ལག་ཤ་ཞེས་པར་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་སྟེ་བོད་ཡུལ་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་པས་མཁས་པའི་གྲགས་པ་འབར། རང་ཡུལ་དུ་ཕེབས་ནས་ཁྱིམ་དུ་བཞུགས་སྐབས་ཨ་མས། ལེགས་བྲིས་དཔལ་གྱི་བདག་པོ་གསེར་གྱི་མངའ། ཞེས་པའི་དོན་དྲིས་པར་ལན་འདེབས་མ་ནུས་པས་ངོ་གནོང་སྟེ་དགུང་ལོ་ང་གཅིག་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྡོ་རམས་པ་ལྷ་ཞེའི་དྲུང་དུ་སྙན་ངག་སོགས་རིག་གནས་ཁག་ལ་གསན་སྦྱོང་ཞིབ་པར་གནང། ཕྱིས་སུ་སྐུ་འབུམ་བྱམས་པ་གླིང་དུ་ཡུན་རིང་བཞུགས། རྟེན་འབྲེལ་བསྟོད་པའི་དོན་འགྲེལ་རིན་ཆེན་ཕྲེང་བ་རྩོམ་སྐབས་འདི་བ་དགུང་ལོ་དོན་གསུམ་པ་དེའི་མཇུག་བྱང་དུ་གསལ་ཞིང་དེ་ནས་ཡུན་རིང་མ་འགོར་བར་དགོངས་པ་རྫོགས་པ་མཁས་པ་ཀུན་ལ་གྲགས་ཆེ། གསུང་རྩོམ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ། གཅིག་ཏུ་བྲལ་གྱི་མཐའ་དཔྱོད་སོགས་མང།