105290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ལགས་ཡོངས་འཛིན་སྐུ་ཕྲེང་གཉིས་པ་སྐལ་བཟང་དཔལ་འབྱོར་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར། མོད་སྨད་རྡོ་སྦིས་ཉིན་པ་ཞེས་པའི་ཡུལ་ཚོར་ཡབ་རིན་ཆེན་རྒྱལ་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་གོང་མའི་འཁྲུངས་གཞིས་སུ་བལྟམས། ཀུན་མཁྱེན་སྐུ་ཕྲེང་བཞི་བས་གོང་མའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བཅུ་གཅིག་སྟེང་བཀྲ་ཤིས་འཁྱིལ་དུ་ཚོགས་ཞུགས་གནང་སྟེ་ཐུགས་གཉེར་མཛད། སྔ་ཕྱིར་སྒོ་མེ་གསང་སྔགས་བདེ་ཆེན། དམུ་དགེ་སྒར་གསར་བཅས་ཀྱི་ཁྲིར་ཕེབས་ཤིང། བླ་བྲང་བཀྲ་ཤིས་འཁྱིལ་རྒྱུད་སྟོད་གསང་ཆེན་རྡོ་རྗེ་གླིང་གི་ཁྲིར་ལོ་དྲུག་བཞུགས། རབ་རྒྱལ་ཤིང་སྤྲེལ་ཕྱི་ལོ་ ༡༩༤༤ ལོར་ཚོགས་ཆེན་གྱི་ཁྲི་རབས་གྱ་གཉིས་པར་ཕེབས། ཤིང་ལུག་ཕྱི་ལོ་ ༡༩༥༥ ལོར་རྒྱལ་དབང་བཅུ་བཞི་བ་ཆེན་པོ་མཆོག་བླ་བྲང་དུ་གདན་ཞུས་ཀྱིས་ཐུགས་རྗེ་ཆེན་པོའི་དབང་སོགས་གནང་བ་གསན། དགུང་ལོ་དོན་བདུན་བཞེས་པ་རབ་རྒྱལ་ས་ཁྱི་ཕྱི་ལོ་ ༡༩༥༨ ལོར་རྒྱ་མིའི་བཙོན་དུ་བཅུག་ནས་ལོ་དེའི་མཇུག་ཙམ་ལ་སྐུ་གཤེགས།

{{#arraymap:ཨ་ལགས་ཡོངས་འཛིན་སྐུ་ཕྲེང་གཉིས་པ་སྐལ་བཟང་དཔལ་འབྱོར་

|; |@@@ | | }}