10533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡོ་དགེ་བའི་འབྱུང་གནས་ (1)
Part of speech མིང་ཚིག
Definition དུས་རབས་དགུ་པའི་སྟོད་དུ་ལྷོ་འབྲོག་ཏུ་འཁྲུངས། བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་བཞེས། མདོ་སྔགས་གཉིས་ལ་ནང་བྱན་ཆུད་པ་མཛད། རྒྱལ་པོ་གླང་དར་མ་འུ་དུམ་བཙན་གྱིས་དབུས་གཙང་ཡོངས་ཀྱི་སངས་རྒྱས་བསྟན་པ་བསྣུབས། རབ་ཏུ་བྱུང་བ་རྣམས་ལ་རི་དྭགས་བརྔོན་དུ་བཅུག་པའི་གནས་ཚུལ་རྣམས། དཔལ་ཆུ་བོ་རི་ལ་སྒྲུབ་པ་ཉམས་ལེན་མཛད་པའི་དགེ་སློང་གཡོ་དགེ་བའི་འབྱུང་གནས་ཀྱིས་གཟིགས། རི་དྭགས་བདའ་མཁན་བཙུན་པ་ཨད་དན་ཅིག་པ་དང་། ལྷ་ལུང་འཚག་པོ། ཨ་སྔ་ཁྱམས་པོ་གསུམ་ལ། རབ་བྱུང་བས་རི་དྭགས་བདའ་དགོས་པའི་རྒྱུ་མཚན་དྲིས་པས། བཙུན་པ་གསུམ་པོས་མགྲིན་གཅིག་ཏུ་རྒྱལ་པོ་འུ་དུམ་བཙན་པོས་དབུས་གཙང་གི་བསྟན་པ་བསྣུབས། རབ་བྱུང་རྣམས་ལ་བཀའ་ཆད་ཕོག་པའི་གནས་ཚུལ་ཞུས་རྗེས། དགེ་སློང་གཡོ་དགེ་བའི་འབྱུང་གནས་དང་། དམར་ཤཱཀྱ་མུ་ནེ། གཙང་རབ་གསལ་གསུམ་གྱིས་སྤྲང་ཆས་སྤྲས། དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས། དཔལ་ཆུ་བོ་རི་ལས་སྟོད་མངའ་རིས་བརྒྱུད། བྱང་ལམ་དེད་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་དེའུ་ཚྭ་མཚོ་རྒྱུད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས། བླ་ཆེན་དགོངས་པ་རབ་གསལ་གྱིས་གཡོ་དགེ་བའི་འབྱུང་གནས་དང་། དམར་ཤཱཀྱ་མུ་ནེ། གཙང་རབ་གསལ་གསུམ་ལས་རབ་ཏུ་བྱུང་། དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བསྒྲུབས་པས། བོད་ཡུལ་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་བསྐྲུན་པ་ཡིན། བོད་ཀྱི་ལོ་རྒྱུས་ཐོག་གྲགས་པའི་མཁས་པ་མི་གསུམ་ནང་གི་ཡ་གྱལ་ཞིག་ཡིན།

{{#arraymap:གཡོ་དགེ་བའི་འབྱུང་གནས་

|; |@@@ | | }}