From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཡོ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
དངོས་གཟུགས་འགུལ་བའི་དོན་གྱི་ད་ལྟ་བའི་བྱ་བའི་མིང་།
|
| Example
|
དར་ལྕོག་གཡོ་བ། སེམས་གཡོ་བ། ཤིང་སྡོང་གཡོ་བ་ལྟ་བུ།
|
| Synonyms
|
གཡུག་པ། བསྐྱོད་པ། ལྡིང་བ།
|
གཡོ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ཟས་བཟོ་བསྐོལ་བྱེད་པའི་དོན།
|
གཡོ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
རླུང་སྟེ། ཡང་ཞིང་གཡོ་བའི་རང་བཞིན་ཡིན་པས་སོ།
|
| Type
|
མངོན་བརྗོད།
|
གཡོ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
བྱ་ཁྲ། ས་ངོས་ནས་བྱེའུ་དང་བྱི་བ་སོགས་མཐོང་ཆེད། བར་སྣང་ཚད་གཅིག་ཏུ་གཤོག་པ་རྡེབ་ཅིང་གཡོ་བའི་ཕྱིར།
|
གཡོ་བ་ (5)
| Part of speech
|
མིང་ཚིག
|
| Definition
|
བརྟན་པ་ལས་ལྡོག་པ། སྨན་གྱི་ཡོན་ཏན་གཡོ་བ་སྟེ། རང་གི་ངོ་བོ་ཡང་གཏད་མི་ཚུགས་པ་དང་འདུག་པའི་གནས་གཅིག་ཏུ་མི་གནས་པར་ཕར་ཚུར་དུ་གཡོ་ཞིང་གཡོ་བ་དང་། ནད་གཞན་དང་། གནོད་བྱ་གཞན་དག་ཀྱང་ཀུན་ནས་ཀུན་ཏུ་གཡོ་ཞིང་འགུལ་བར་བྱེད་པ་སྟེ། བརྟན་པ་ལས་གོ་བཟློག་པའོ། །
|
| Domain
|
གསོ་རིག
|