10543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡོ་བའི་ཉམས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། གཡོ་བའི་ཉམས་ནི་དཔལ་དུས་ཀྱི་འཁོར་ལོའི་ཐུན་མིན་སྔོན་འགྲོ་དབེན་གསུམ་གྱི་སྐབས་ཀྱི་སེམས་ཉམས་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ཏེ་ལྔ་ཡོད་པ་ལས་དང་པོ་གཡོ་བའི་ཉམས་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ལས། ལས་དང་པོ་བའི་ཐོག་མར་སེམས་སྐད་ཅིག་ཀྱང་མི་གནས་ཤིང་རྣམ་རྟོག་སྔར་བས་མང་བ་འཕྲོ་རྒོད་ཆེས་ཆེ་བ་འབྱུང། འགའ་ཞིག་གཅིག་རྟིང་ལ་གཅིག་ཕྲེང་མ་ཆད་ཅིང་རིགས་མི་འདྲ་བ་ཤ་སྟག་འབྱུང་བའང་ཡོད། འགའ་ཞིག་ཡུལ་གཅིག་ལ་བརྟེན་པ་ཉིད་རྣམ་འགྱུར་མི་འདྲ་ཙམ་གྱིས་ཡང་ཡང་དྲན་ཡོང་བའང་ཡོད། ད་སྒོམ་མི་སྐྱེ་བ་ཡིན་ནམ་སྙམ་པ་དང་། འདི་བས་གཞན་ཞིག་བྱས་ན་དགའ་ལ་སྙམ་པ་ཡང་འབྱུང་། དེ་ནི་སྔོན་སྒོམ་མ་བྱས་པའི་དུས་ན་རྣམ་རྟོག་མང་ཡང་ཁ་ཕྱི་བལྟས་སུ་སོང་ནས་ངོ་མ་ཤེས། འདིར་ཁ་ནང་ལོག་གིས་བལྟས་པས་འགྱུ་བ་ལ་འགྱུ་བར་རིག་ཤེས་བྱུང་བ་ཙམ་ཡིན་གྱི་རྣམ་རྟོག་སྔར་ལས་མང་དུ་སོང་བ་མིན། གཞན་ཡང་སྐབས་དེར་ཕར་ཆེར་ལ་ལུས་གནད་མ་འབྱོངས་བས་ལུས་ཀྱང་ན་ཟུག་ཆེ། དབུགས་འཐུམས་པ་དང་འདར་བ་འབྱུང། སེམས་ཀྱང་ཚིག་པ་ཟ་བ་དང། གཞན་དུ་འགྲོ་འདོད་པ་དང། གུ་དོག་པའི་རྣམ་པ་འབྱུང། དེ་ནི་ཅུང་ཟད་སེམས་ཟིན་པའི་འབྲས་བུ་སྟེ། གཡོ་བ་ཞེས་བྱ་བའི་ཉམས་ཡིན་ལ། དཔེ་རི་གཟར་གྱི་འབབ་ཆུ་དང་འདྲའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།