105440

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་སྤེན་ (1)
Part of speech མིང་ཚིག
Definition མཚན་གཞན་ཀརྨ་བཟོད་པ་བཟང་པོའམ་བླ་མ་སྤེན་པ་ཟེེར། ཡབ་རྟ་རྣ་དཀོན་མཆོག་གྲགས་ལྡན་དང་། ཡུམ་སྤུ་བཟའ་སྐྱིད་སྦར་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་དང་སྤྱི་ལོ་ ༡༩༠༢ ལོར་སྐུ་འཁྲུངས། ལྷ་ཚེ་སྐུ་ཕྲེང་དང་པོ་ཀརྨ་ངག་དབང་གྲགས་པ་མཆོག་གྲུབ་རིགས་ཀྱི་བདག་པོར་བསྙེན། རྟ་རྣ་དགོན་གྱི་བསྟན་པའི་བདག་པོར་མཛད་ཅིང་སྒྲུབ་སྡེ་འཛུགས་པ་དང་དབུ་རྩེའི་ལྷ་ཁང་ཉམ་གསོ་མཛད་པ་སོགས་མཛད་ཕྲིན་མཐའ་ཡས། མཐར་ཕྱི་ལོ་༡༩༥༩ ལོ་སྟེ་དགུང་གྲངས་ང་བརྒྱད་ཐོག་སྐུ་གཤེགས་སོ། སྤྲུལ་བརྒྱུད་ཀྱང་ཡོད།