1055

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུང་ཤོད་དགེ་འདུན་བསྟན་པ་དར་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཆུ་གླང་ཕྱི་ལོ་ ༡༤༩༣ ལོར་ཀླུང་ཤོད་དབུ་སྣར་འཁྲུངས། བཀའ་བསྟ་གྱི་གཞུང་ལ་ཐོས་བསམ་ནན་ཏན་མཛད། དགེ་བའི་བཤེས་གཉེན་ཆེན་པོར་གྱུར། མལ་གྲོ་ཆ་དཀར་གྱི་བླ་མ་མཛད་པ་ན། འབྲི་གུང་པའི་དམག་འཕོགས་པས་བྲག་དབར་དུ་སྤོས། མཁར་སྐྱའི་ཞལ་བདག་ཀྱང་མཛད། བྱང་རྩེར་བྱོན་ཏེ་འཆད་ཉན་པ་ཡུན་རིང་མཛད། དོན་གསུམ་པ་རབ་བྱུང་དགུ་པའི་ཤིང་གླང་ཕྱི་ལོ་ ༡༥༦༥ ལོར་དགའ་ལྡན་གསེར་ཁྲིར་ཕེབས། ལོ་ངོ་བཞིའི་རིང་དུ་གསེར་ཁྲི་བསྐྱངས། འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང་། དོན་དྲུག་པ་རབ་བྱུང་བཅུ་པའི་ས་འབྲུག་ཕྱི་ལོ་ ༡༥༦༨ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་གཉིས་པ་ཡིན། དངུལ་ལས་གྲུབ་པའི་དབྱེན་འདུམ་མཆོད་རྟེན་བཞེངས་ཏེ་ལི་མ་ལྷ་ཁང་གི་རྟེན་གཙོ་བོར་བཞུགས། དུས་མཆོད་དབོན་བརྒྱུད་ཀྱིས་འཛིན།