105806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨརྱ་དེ་ཝ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་གནའ་བོའི་ནང་པའི་མཁས་པ་ཆེན་པོ་ཞིག་སྟེ། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། དབུ་མའི་སློབ་དཔོན་ཨརྱ་དེ་ཝ་སྟེ་འཕགས་པ་ལྷ་ནི་སྟོན་པ་འདས་ནས་ལོ་ལྔ་བརྒྱ་ཙམ་ན་ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ། པཉྩ་ཤྲིངྒ་ར་ཞེས་བྱ་བའི་པདྨའི་ཚལ་དུ་སྐུ་འཁྲུངས། འཕགས་པ་ཀླུ་སྒྲུབ་སློབ་དཔོན་དུ་བསྟེན་ནས་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པའི་རྩེར་སོན། མུ་སྟེགས་ཀྱི་སྟོན་པ་མཁས་པ་རྟ་དབྱངས་རྩོད་པས་ཚར་བཅད་དེ་རྗེས་སུ་བཟུང༌། དབུ་མ་བཞི་བརྒྱ་པ་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་བསྡུས་སྒྲོན་མེ་སོགས་མདོ་རྒྱུད་ཀྱི་གཞུང་མང་དུ་བརྩམས་སོ། །