105814
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སོག་པོ་ཐུ་མེད་ཀྱི་འགོ་དཔོན་ཞིག་ཡིན་ཞིང༌། རབ་བྱུང་དགུ་པའི་ས་ལུག་ཕྱི་ལོ་ ༡༥༥༩ ལ་ཁོས་རང་གི་དམག་དཔུང་ཁྲིད་དེ་ཨ་མདོའི་ས་ཁུལ་བཟུང༌། རབ་བྱུང་བཅུ་པའི་མེ་བྱི་ཕྱི་ལོ་ ༡༥༧༦ ལ་གདན་དྲངས་པ་ལྟར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་ཨ་མདོ་ལ་ཕེབས། རབ་བྱུང་བཅུ་པའི་ས་བྱི་ཕྱི་ལོ་ ༡༥༨༨ ལ་རྒྱལ་དབང་དེ་ཉིད་ལ་ཁོས་གཟེངས་བསྟོད་ཞུས། སོག་ཡུལ་དུ་བསྟན་པ་དར་བ་ལ་སྨན་པར་གྱུར། |