1059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུང་སྨེ་ (1)
Part of speech མིང་ཚིག
Definition བརྩི་བྱ་དག་ལ་མཆིས་པའི་སྲོག་ལུས་དབང་ཀླུང་གི་སྨེ་བ་བཞི་ལས་ཀླུང་རྟའི་སྨེ་བ་ལ་ཟེར་བ་ཡིན། སྨེ་བ་འདི་གང་ཡིན་གྱི་ངོས་འཛིན་ཐད་ལ་བཞེད་མི་འདྲ་བ་དུ་མ་ཞིག་ཡོད། དེ་དག་ལས་བཻ་དཀར་དུ་བརྩི་བྱ་སོ་སོའི་རང་ལོ་དང་སྨེ་ཕྲེང་མཐུན་པའི་ཀླུང་རྟའི་ལུས་སྨེ་ཉིད་ཀླུང་སྨེར་ངོས་འཛིན་པས། བརྩི་བྱ་སུ་དག་གི་སྟག་རྟ་ཁྱི་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་བརྒྱད་དཀར་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་གཉིས་ནག སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་ལྔ་སེར། བྱི་འབྲུག་སྤྲེལ་གསུམ་མམ་བྱ་གླང་སྦྲུལ་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་ལྔ་སེར་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་བརྒྱད་དཀར། སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་གཉིས་ནག ཕག་ལུག་ཡོས་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་གཉིས་ནག་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་ལྔ་སེར། སྨེ་ཕྲེང་གསུམ་པ་ཡིན་ཀླུང་སྨེ་བརྒྱད་དཀར་བཅས་ཡིན། འབྱུང་རྩིས་ཟླ་ཟེར་དུ་ཀླུང་རྟ་དེའི་སྲོག་སྨེ་ཉིད་ཀླུང་སྨེར་ངོས་འཛིན་པས། བརྩི་བྱ་སུ་དག་གི་སྟག་རྟ་ཁྱི་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་ལྔ་སེར་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་བརྒྱད་དཀར། སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་གཉིས་ནག བྱི་འབྲུག་སྤྲེལ་གསུམ་མམ་བྱ་གླང་སྦྲུལ་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་གཉིས་ནག་དང་། སྨེ་ཕྲེང་གཉིས་པ་ཡིན་ཀླུང་སྨེ་ལྔ་སེར། སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་བརྒྱད་དཀར། ཕག་ལུག་ཡོས་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་བརྒྱད་དཀར་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་གཉིས་ནག སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་ལྔ་སེར་བཅས་ཡིན། འབྱུང་རྩིས་སྔོན་འགྲོ་གཙུག་ལག་སྒོ་འབྱེད་ལྡེ་མིག་ཏུ་ཡང་ཟླ་ཟེར་ལྟར་ཀླུང་རྟའི་སྲོག་སྨེ་ནི་བརྩི་བྱ་དེ་ཉིད་ཀྱི་ཀླུང་སྨེར་ངོས་འཛིན་ཡང་མི་འདྲ་བའི་ཁྱད་པར་ཅུང་ཡོད་དེ། འདིར་ནི་ཀླུང་ལྷར་སྦྱར་བའི་དབང་ཐང་ནི་བརྩི་བྱ་སོ་སོའི་དབང་ཐང་ཡིན་པས། ཤིང་ངམ་ལྕགས་ཀྱི་སྟག་རྟ་ཁྱི་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་ལྔ་སེར་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་བརྒྱད་དཀར། སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་གཉིས་ནག སའམ་ཆུའི་སྟག་རྟ་ཁྱི་གསུམ་ཏུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་བརྒྱད་དཀར་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་གཉིས་ནག སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་ལྔ་སེར། མེ་ཡི་སྟག་རྟ་ཁྱི་གསུམ་དུ་གཏོགས་པའི་རང་ལོ་དེ་སྨེ་ཕྲེང་དང་པོ་ཡིན་ན་ཀླུང་སྨེ་གཉིས་ནག་དང་། སྨེ་ཕྲེང་གཉིས་པ་ཡིན་ན་ཀླུང་སྨེ་ལྔ་སེར། སྨེ་ཕྲེང་གསུམ་པ་ཡིན་ན་ཀླུང་སྨེ་བརྒྱད་དཀར་བཅས་ཡིན་པ་ལྟར་མཐུན་གསུང་། གཞན་དག་ལ་ཡང་རིགས་བསྒྲེ་བྱས་ན་ཤེས་སླ་བས་འདིར་མི་སྤྲོ། མཁས་དབང་ཀརྨ་ཆགས་མེད་ཀྱིས་བརྩི་བྱ་དག་གི་རང་ལོ་སྨེ་ཕྲེང་གར་བབས་དང་། དབང་ཐང་གང་ཡིན་གྱི་ཁྱད་པར་གྱིས་མ་ཕྱེས་པར་རང་ལོ་སྟག་རྟ་ཁྱི་གསུམ་དུ་གཏོགས་ན་ཀླུང་སྨེ་གཉིས་ནག་དང་། བྱི་འབྲུག་སྤྲེལ་གསུམ་མམ་བྱ་གླང་སྦྲུལ་གསུམ་དུ་གཏོགས་ན་ཀླུང་སྨེ་བརྒྱད་དཀར། ཕག་ལུག་ཡོས་གསུམ་དུ་གཏོགས་ན་ཀླུང་སྨེ་ལྔ་སེར་བཅས་ཡིན་པར་གསུངས་འདུག
Domain རྩིས་རིག

{{#arraymap:ཀླུང་སྨེ་

|; |@@@ | | }}