106242

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨཱོྃ་ (1)
Part of speech མིང་ཚིག
Definition བོན། འབོད་སྒྲ། ཁྱད་བོན་བསྟན་པའི་འབོད་སྒྲ་སྟེ། མདོ་སྔགས་ཀྱི་ཆོ་ག་གཞུང་ལས་སྤྱན་འདྲེན་དང་སྐུ་བསྟོད་ལ་སོགས་པའི་ཚིག་བཤད་ཐོག་མ་ནས་བསྟན་པ་ནི་ཁྱད་བོན་དུ་འབོད་པ་སྟེ། རྣམ་དབྱེའི་དོན་གསལ་ཤེལ་དཀར་མེ་ལོང་ལས། བླ་མ་ཡི་དམ་མཁའ་འགྲོ་ལྟ་བུ་ཡུལ་ཁྱད་པར་ཅན་གྱི་རིགས་སོགས་ཚིགས་བཅད་གང་ཞིག་གི་ཐོག་མ་བྱུང་ན་ཁྱད་བོན་དུ་འབོད་པ་ཡིན། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཨཱོྃ་

|; |@@@ | | }}

ཨཱོྃ་ (2)
Part of speech མིང་ཚིག
Definition ཟིལ་གནོན་གྱི་བརྡ་སྟེ། བཀའ་སྲུང་དང་། ཕོ་ཉ་ལན་མཁན་སོགས་ཀྱི་སྐོར་ལ་བྱུང་ན་དེ་ལྟར་ཏེ། དེ་ཉིད་ལས། སྲུང་མ་ལན་མཁན་ལྟ་བུའི་དབུར་བྱུང་ན་ཟིལ་གནོན་གྱི་བརྡའོ། །ཞེས་སོ། །འཇུག་ཚུལ་ནི་དབུ་འདྲེན་ཚུལ་དུ་འཇུག་པའོ། །

{{#arraymap:ཨཱོྃ་

|; |@@@ | | }}

ཨཱོྃ་ (3)
Part of speech མིང་ཚིག
Definition སྐུ་ལྔ་ཡེ་ཤེས་ལྔ་བའི་ས་བོན་ཏེ། སྙན་རྒྱུད་ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག་ལས། ཨཱོྃ་ནི་སྐུ་ལྔ་ཡེ་ཤེས་ལྔ། ཞེས་སོ། །ཡིག་འབྲུ་ལྔ་ནི་ཡེ་ཤེས་ལྔ་ལ་སྦྱར་ཚུལ་ནི། རྣམ་དབྱེའི་དོན་གསལ་ཤེལ་དཀར་མེ་ལོང་ལས། ཨ་གཞི་སྟོང་ཉིད་ཡེ་ཤེས། ན་རོ་སོར་རྟོགས། ཟླ་ཚེས་མཉམ་ཉིད། ཐིག་ལེ་མེ་ལོང་། འ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྔའོ། །ཞེས་སོ། །

{{#arraymap:ཨཱོྃ་

|; |@@@ | | }}

ཨཱོྃ་ (4)
Part of speech མིང་ཚིག
Definition འགག་པ་མེད་པར་མཚོན་བྱེད་ཀྱི་ཡི་གེ་ཞིག་སྟེ། གཟི་བརྗིད་པོད་གསུམ་པ་ལས། འགག་མེད་ཡི་གེ་ཨཱོྃ་གྱིས་མཚོན། ཞེས་སོ། །

{{#arraymap:ཨཱོྃ་

|; |@@@ | | }}