106280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨི་ལྡན་གྱི་རྣམ་དབྱེ་ (1)
Part of speech མིང་ཚིག
Definition རྣམ་དབྱེ་དྲུག་པའི་ཕྲད་གི་ཀྱི་གྱི་འི་ཡི་དང་། རྣམ་དབྱེ་གསུམ་པའི་ཕྲད་གིས་ཀྱིས་གྱིས་འིས་ཡིས་བཅས་བཅུ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱི་དང་ཀྱིས། རྗེས་འཇུག་ག་ངའི་མཐར་གི་དང་གིས། རྗེས་འཇུག་ན་མ་ར་ལའི་མཐར་གྱི་དང་གྱིས། རྗེས་འཇུག་འ་དང་མཐའ་མེད་མཐར་འི་ཡི་དང་འིས་ཡིས་གང་བདེར་སྦྱོར་བ་དང༌། འིས་ཀྱི་ཚབ་ལ་སྐད་གསར་བཅད་ལྟར་མིང་མཐར་ས་ཡིག་རྐྱང་པ་སྦྱར་བས་འཐུས། དོན་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། གསུམ་པ་བྱེད་སྒྲ་ནང་གསེས་དང་བཅས་པར་འཇུག་གོ།
Example བཀྲ་ཤིས་ཀྱི་པིར། བཀྲ་ཤིས་ཀྱིས་རི་མོ་བྲིས་ལྟ་བུ།
Domain སྒྲ་རིག་པ།

{{#arraymap:ཨི་ལྡན་གྱི་རྣམ་དབྱེ་

|; |@@@ | | }}