106306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨིནྡྲ་ནཱི་ལ་ (1)
Part of speech མིང་ཚིག
Definition བོད་སྐད་དུ་དབང་སྔོན་ཞེས་པའི་རིན་པོ་ཆེའི་སྨན་གྱི་རིགས་ཤིག འདི་ལ་ནང་གསེས་དབྱེ་ན་རིགས་གསུམ་སྟེ། ཨིནྡྲ་ནཱི་ལ། ནི་ནཱི་མ་ལ། ཀ་ཀ་ནཱི་ལ་གསུམ་མོ། ཨིནྡྲ་ནཱི་ལ་ནི། ཁ་དོག་སྔོན་པོ་ནམ་མཁའ་དྭངས་པ་ལྟ་བུ་འོད་ཟེར་འབར་བའི་སྟེང་དུ་རས་བཞག་ན་དེ་ལ་འོད་ཀྱིས་ཕོག་པའི་འོད་ཟེར་སྔོན་པོ་གདུགས་ཕུབ་པ་ལྟ་བུ་འབྱུང་བ། ཆེ་ཆུང་སོར་མོ་དགུ་ཡིས་འཁྱུད་པ་ཞིག་འབྱུང་བ། ནི་ནཱི་མ་ལ་ནི། ཁ་དོག་སྔ་མ་ལྟ་བུ་ལ་འོད་ཟེར་གསུམ་གྱི་རྒྱ་ཁྱོན་དུ་སྔོན་པོར་ཁྱབ་པ། ཆེ་ཆུང་སོར་གསུམ་གྱི་ནང་དུ་ཚུད་པ་ཙམ་ཞིག ཀ་ཀ་ནཱི་ལ་ནི། སྔ་མ་གཉིས་ལས་ཁ་དོག་ཅུང་ཟད་ནག་པ། ཉི་མ་གར་ཤར་བའི་ཕྱོགས་སུ་རང་གི་འོད་འབྱུང་ལ་ཆེ་ཆུང་མ་ངེས་པ་ཞིག་ཡིན། འདི་ཀུན་སྤྱིར་ཁ་དོག་སྔོ་ཞིང་ཤིན་ཏུ་དྭངས་པ་དང་དབྱིབས་སྐེད་རྔ་ཅན་ནམ་ལེབ་མོ་ངོས་མང་སོགས་སྣ་ཚོགས་ཆེ་ཆུང་མ་ངེས་ཤིང་སྲ་ལ་མཁྲེགས་པ་ཞིག་ཡིན། དེ་དག་ལས་རབ་ཨིནྡྲ་ནཱི་ལ་ནི་རིན་ཆེན་ཡང་ཞུན་ལས། རབ་ཤེལ་ལྟར་དྭངས་ཤིང་ནམ་མཁའི་མདོག་ཅན་སྣུམ་འོད་འབར་བ་ཉི་མདངས་ལ་བཏེགས་པས། དཀྱིལ་དུ་རྒྱ་གྲམ་རི་མོ་གཅིག་ནས་གསུམ་བཞི་བར་དུ་སྤྲིན་རིས་ཅུང་ཟད་ཡོད་པ། འགའ་ཞིག་དེ་ལས་ཀྱང་འཐིབས་པ། རང་བྱུང་གི་རྡོ་སྲུབ་ཡོད་པ་ཁ་དོག་སྔོ་ནག་རུས་མཁྲེགས་ཤིང་ངོ་བོ་ལྕི་བ་ཞིག་སྟེ། དེ་ལས་དམན་པ་རང་བྱུང་ཤེལ་ལྟར་དཀྱིལ་དུ་སྐུད་པ་སོགས་མི་སྒྲིབ་པའི་ཁ་དོག་སྔོ་སངས་དང་། སྔོ་སྐྱ་སོགས་སྣུམ་འོད་འབར་བ་འདི་ལ་ཕྲ་མཐོང་ཆེ་ཤེལ་གྱིས་བལྟས་ཚེ་དཀྱིལ་དུ་རྡོ་རིས་ཅུང་ཟད་ཡོད་དགོས་ཞེས་དང་། ཕལ་པ་ནཱི་མ་ལའང་ནཱི་ལམ་ཞེས་པ། དབྱིབས་དང་ཆེ་ཆུང་ངེས་མེད་ཁ་དོག་སྔོ་དམར། སྔོ་ལྗང་། ཤེལ་མདོག་སྔོ་སྐྱ་སོགས་སྣ་ཚོགས་འབྱུང་བ། རྡོ་སྲུབ་གསལ་ཞིང་ཅུང་ཟད་དྭངས་པ། མཚན་ཉིད་ཅོང་ཞི་བཟང་པོ་འདྲ་བ། དམན་པ་དབུས་པ་རྣམས་ཀྱིས་ནཱི་ལམ་ཞེས་འབོད་པ། རྡོ་མཆོང་རིགས་སྔོན་པོ་དང་སྔོ་ལ་ལྗང་ཞད་ཅན་ནོ་ཞེས་གསུངས་པ་ལྟར་འདིའི་འབྱུང་ཁུངས་དངོས་ནི་རང་བྱུང་རྡོ་རིགས་ལས་འབྱུང་བ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བས་ནད་རིགས་ཀུན་སེལ་ཞིང་། ཁྱད་པར་དུག་དང་གདོན་ནད་ལ་མཆོག་ཏུ་གྱུར་པ་ཡིན་ནོ། །
Foreign རྒྱ་གར།

{{#arraymap:ཨིནྡྲ་ནཱི་ལ་

|; |@@@ | | }}