106389
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་སྐད་དུ་མཆོག་འཕགས་སམ་ཆེར་འཛགས། ཡང་ན་བདུད་འཇོམས་སམ་ལྟར་ཤིང་ཞེས་བཤད་དོ། །འདིའི་མེ་ཏོག་ཚད་ཤིང་རྟའི་འཕང་ལོ་ཙམ་ཡོད་པ་དང་། དྲི་བསུང་ཁོར་ཡུག་དཔག་ཚད་ཙམ་ལ་འཐུལ་བ་ཧ་ཅང་དཀོན་པོ་ཞིག་སྟེ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་འབྱུང་བ་མ་གཏོགས་གཞན་དུ་མི་འབྱུང་བར་གྲགས། |
| Foreign | རྒྱ་གར། |