106462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨུ་པ་ལི་དགོན་པ་ (1)
Part of speech མིང་ཚིག
Definition དགོན་པ་འདི་ནང་སོག་གི་དགོན་པ་ཆེ་ཤས་ཤིག་ཡིན། བྱང་ཤར་ངོས་ཀྱི་སོག་་པོ་དཔོན་པོ་དར་ཧན་ཆིན་ཝང་ཟེར་བ་ཞིག་དམག་ཆིག་ཁྲི་སྣེ་དྲངས་ཏེ་རྒྱ་ནག་ལ་དམག་རྒྱག་ཏུ་འགྲོ་སྐབས་ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་དངོས་སློབ་སྒོ་མང་དགེ་བཤེས་ཞིག་གིས་གྲུབ་རྟགས་བསྟན་པར་དམག་དཔོན་དད་པ་སྐྱེས་ནས་མཐུན་རྐྱེན་སྦྱར་ཏེ་ཨུ་པ་ལི་དགོན་པ་འདི་ཕྱག་བཏབ། རྒྱ་ནག་གོང་མས་དམག་བཟློག་མཛད་པ་ཐོས་པས་ཐུགས་དགྱེས་ཏེ་ལྷ་ཁང་མང་པོ་བཞེངས་པས་འདུས་ཚོགས་ཤིན་ཏུ་རྒྱས་ཤིང་སྐབས་ཤིག་དགེ་འདུན་ཞལ་གྲངས་བདུན་སྟོང་ལྷག་ཡོད་ཟེར། ཧོར་ཆོས་འབྱུང་གསེར་གྱི་དེབ་ཐེར་ན་ལྔ་སྟོང་ལྷག་ཡོད་པར་གསུངས། དགོན་པ་འདིར་སྔགས་པ། སྨན་པ། དུས་འཁོར། བདེ་ལྡན་བཅས་གྲྭ་ཚང་ལྔ་ཡོད་ལ་དགོན་བདག་ལྕང་སྐྱ་ངག་དབང་ཆོས་ལྡན་ཀྱི་དངོས་སློབ་དགེ་བཤེས་འདི་བ་ཡིན་པར་གྲགས་ཆེ། སྐུ་ཕྲེང་ཕྱི་མ་རྣམས་ཀྱི་རྣམ་ཐར་མ་རྙེད།