10653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྱ་གྱུ་འགྲོས་ (1)
Part of speech རྒྱན་ཚིག
Definition འཁྱོག་པོའམ་ཁྱར་ཁྱོར་གྱི་རྣམ་པའི་འགྲོ་སྟངས།
Example བུད་མེད་གྱ་གྱུའི་འགྲོས་ལྡན་ལྟ་བུ།
གྱ་གྱུ་འགྲོས་ (1)
Part of speech མིང་ཚིག
Definition དུ་བའི་མིང་སྟེ། དུ་བ་འཁྱོག་པོའི་དབྱིབས་ཀྱིས་ནམ་མཁར་འགྲོ་བས་སོ། །
Type མངོན་བརྗོད།
གྱ་གྱུ་འགྲོས་ (2)
Part of speech མིང་ཚིག
Definition འབབ་ཆུའི་མིང་སྟེ། རི་བོ་དང་བྲག་ངོས་གཟར་པོ་ནས་ཁྱར་ཁྱོར་གྱི་རྣམ་པས་འབབ་པས་སོ། །
གྱ་གྱུ་འགྲོས་ (3)
Part of speech མིང་ཚིག
Definition སྦྲུལ་གྱི་མིང་སྟེ། འཁྱོག་པོར་ནུར་ནས་འགྲོ་བས་སོ། །