106568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨུ་རྒྱན་པ་རིན་ཆེན་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༢༣༠ ལ་འཁྲུངས། རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལ་འདས། སྟོད་འབྲུག་རྒོད་ཚང་པ་མགོན་པོ་རྡོ་རྗེ་དང་ཀརྨ་པཀྵིའི་སློབ་མ་དང༌། རང་བྱུང་རྡོ་རྗེའི་བླ་མ་ཡིན། འབྲོག་ལོ། ཆག་ལོ། ཙ་མི་གསུམ་ཀའི་དུས་འཁོར་གྱི་ཁྲིད་རྒྱུན་ཡོངས་རྫོགས་ཐོབ་ནས་རྒྱལ་པོ་གོ་བེ་ལས་གདན་དྲངས་པ་ལྟར་པེ་ཅིན་ཕོ་བྲང་དུ་ཕེབས་ཏེ་དུས་འཁོར་གྱི་དབང་བསྐུར། རྣམ་ཐར་དུ་དེ་སྐབས་ཨོ་རྒྱན་དང་ཛཱ་ལན་དྷ་ར་ཕྱོགས་ཀྱི་གནས་ཚུལ་གསལ་བས་དེང་སང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྩིས་མཐོང་ཆེན་པོ་བྱེད།