106571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨུ་རྒྱན་ཕུན་ཚོགས་དགོན་ (1)
Part of speech མིང་ཚིག
Definition གནས་ཆེན་རིགས་གསུམ་མགོན་པོའི་མདུན་ཞོལ་སྦྲེ་བེ་ཐིག་སྟོད་ལ་ཆགས་ཡོད། ལྕགས་མདུད་ཤེས་རབ་རྒྱལ་མཚན་རབ་བྱུང་བརྒྱད་པའི་ས་མོ་ཡོས་ལ་འཁྲུངས། དགོང་ལོ་ ༣༣ ལྕགས་ཕག་ལོར་ལྕགས་མདུད་ཨུ་རྒྱན་ཆོས་གླིང་བཏབ། ལྕགས་མདུད་མིང་ཐོག་དོན་ནི་ཀརྨ་བཀའ་བརྒྱུད་བོད་ཀྱི་རྒྱལ་པོ་དང་རྒྱ་ནག་གོང་མའི་དབུ་བླ་ཡིན་པས། དེ་དུས་ཀརྨ་པ་གྲྭ་པའི་ཚུལ་གྱིས་བྱོན་དགོས་པས་ལོ་གསར་བརྩི་ལོང་མེད་པར་བོད་ཟླ་ ༡༡ ཚེས་ ༡༣ ལ་ལོ་གསར་བཏང་བས་ད་ལྟར་ཡང་ཉག་རོང་ལ་དེའི་སྲོལ་མ་ཉམས་པར་ཡོད། དེ་དུས་རྒྱ་ནག་གོང་མའི་མདུན་གྲུབ་རྟགས་ཀྱིས་ལྕགས་མདུད་པས་ལྕགས་མདུདཔས་མིང་དེ་ལྟར་གྲགས། རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་རིང་ཕྱི་ལོ་ ༡༨༦༤ ལ། ཉག་དཔོན་མགོན་པོ་རྣམ་རྒྱལ་བོད་པས་བཅོམ་ནས་ཉག་རོང་གི་སྤྱི་ཁྱབ་ཆེན་པོ་ཕུ་ར་བ་བསྐོས་བཞག་མཛད་པ་རེད། དེ་དུས་སྔོན་ཆོས་རྒྱལ་ཆེན་པོའི་ཕྱག་སྲོལ་བཞིན་དགོན་པ་ལ་ས་ཞིང་སྤྲད་པ་དང་། བླ་བྲང་ལ་ཡང་སྤྲད་པ་རེད། ཡང་དགོན་གནས་སྤོ་དགོས་པའི་སྐབས། གྲུབ་ཆེན་པདྨ་བདུད་འདུལ་ལ་ལུང་བསྟན་ཞུས་པས། རྔ་རྔ་མགོར་བཏགས་ན་ལེགས། སྔར་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་གསུངས། ཨོ་རྒྱན་ཕུན་ཚོགས་དགོན་པ་ཞེས་གསོལ། རྔ་རྔ་དགོན་ཐོག་དོན་ནི། ས་མིང་དགོན་ལ་ཐོགས་པ་སྟེ། སྔར་ཡུལ་མི་རྒན་རབས་ལ་ལས་གནས་འདིའི་དབྱིབས་རྔ་མོང་དང་འདྲ་ཟེར། ལ་ལས་གཡུ་འབྲུག་འཁྱིལ་བ་དང་འདྲ་ཟེར་བས་སྔོན་དུས་སུ་རྔ་རྔ་གཡུ་འབྲུག་དར་རྩེ་ཟེར། དགོན་པ་ཐོག་མ་ནས་ད་ལྟའི་བར་སྔ་འགྱུར་རྙིང་མ་བའི་ཆོས་བརྒྱུད་འཛིན་པ་ཡིན། དགོན་པའི་གདན་རབས་དང་བླ་རབས་རྣམས་ནི། ཨ་འབྱང་བླ་མ་དྲི་མེད་རྒྱ་མཚོ་དང་། བསོད་ནམས་བསྟན་པ། བླ་མ་བློ་གྲོས། ཨ་བཀྲ་བཅས་དང་། ཨ་བཀྲ་བླ་མ་ཚུལ་ཁྲིམས་རྒྱ་མཚོ། བླ་མ་ངག་དབང་བསྟན་འཛིན། ཆོས་དཔལ། མཁན་པོ་ཨ་དཔལ། ཀཿཐོག་རྒྱུད་སྡེ་མཁན་པོ་ཤེས་རབ་རབ་གསལ། ཨ་ཝི་བླ་མ་ཨོ་རྒྱན། རྒྱ་ཚུ་བླ་མ་ཨ་བསྟན་རྣམས་སོ། །