106598
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ནང་སྙིང་དཀར་པོ་ཕྱི་པགས་སེར་ནག་གམ་དུད་མདོག་གིས་བཏུམ་པ་སྙུང་རིལ་གྱི་དབྱིབས་འདྲ་བ་རྟིང་པ་ཅུང་ཟད་རིང་བར་རྩ་ཕྲན་མེད་པ་དང་། ལོ་མ་ལྗང་སྔོན་ལ་ནག་ཉམས་ལྡན་པ། འཇམ་ཞིང་སྣུམ་ལ་མཐུག་པ། འོད་མདངས་མཆིས་པ་ལབ་ལོའི་དབྱིབས་སམ་ཐི་ཆིན་གྱི་དབྱིབས་འདྲ་བ་བཞི་ཙམ་པ་ལ་འབྱར་ནས་སྐྱེ། མེ་ཏོག་སྦུབས་མདོང་རྒྱ་གླིང་ཞབས་དབྱིབས་ཅན་ཁ་དོག་དཀར་པོ་གཉིས་གསུམ་རེ་བོད་ཟླ་བཞི་པ་ཙམ་ལ་འཆར་བ། གང་བུ་མཛོ་མོའི་རྭ་དབྱིབས་འཁྱིལ་བ་འདྲ་ལ་ལེབ་ཅིང་ཤུར་རིས་ཡོད་པ་གཉིས་གསུམ་གྱིེ་ཕྱེད་ལྷག་ཙམ་ས་འོག་ཏུ་གནས་ཡོད། དེ་སྨིན་ཚེ་འབྲུ་གུ་སྨུག་ནག་ལེབ་པ་སྲན་ཆུང་གི་དབྱིབས་ཅན་རིམ་བཞིན་བརྩེགས་ཏེ་གནས་ཡོད། ཨུག་ཆོས་དཀར་པོ་ཞེས་བྱ་བ། ། ལོ་མ་དམར་པོ་འདྲ་ན་ཡང་། ། མེ་ཏོག་དཀར་ལ་རོ་ཁ་བས། ། ཆུ་སེར་མ་ལུས་འདྲེན་པར་བྱེད། ། ཅེས་གསུངས། |
| Domain | གསོ་རིག |