106599
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ནང་སྙིང་དཀར་པོ་ཕྱི་པགས་སེར་ནག་གམ་དུད་མདོག་གིས་བཏུམ་པ་སྙུང་རིལ་གྱི་དབྱིབས་འདྲ་བ་རྟིང་པ་ཕྲ་ལ་རིང་བ་དང་། ལོ་མ་ལྗང་སྔོན་ལ་ནག་ཉམས་ལྡན་པ། འཇམ་ཞིང་སྣུམ་ལ་མཐུག་པོ། འོད་མདངས་མཆིས་པ་ལབ་ལོའི་དབྱིབས་འདྲ་བ་བཞི་ལྔ་ཙམ་ས་ལ་འབྱར་ནས་སྐྱེ་བ། མེ་ཏོག་སྦུབས་སྟོང་རྒྱ་གླིང་ཁ་དབྱིབས་ཅན། ཁ་དོག་དམར་པོ་བྱུ་རུའི་མདོག་འདྲ་བ་གཉིས་གསུམ་བོད་ཟླ་ལྔ་པའི་ནང་འཆར་བ། གང་བུ་མཛོ་མོའི་རྭ་དབྱིབས་འཁྱིལ་བ་འདྲ་ལ་ལེབ་ཅིང་ཤུར་རིས་ཡོད་པ། སྨིན་ཚེ་འབྲུ་གུ་སྨུག་ནག་ལེབ་པ་སྲན་ཆུང་གི་དབྱིབས་ཅན་རིམ་བཞིན་བརྩེགས་ནས་འདོགས་པ་སྟེ། ནག་ཆུ་ས་ཁུལ་དང་། འདམ་གཞུང་སོགས་བྱང་ཐང་ཁུལ་དང་། དེ་མིན་ས་བབ་མཐོ་ཙམ་ཡིན་པའི་བྱེ་ཤས་ཆེ་བའི་སྤང་དང་རི་ཤུར་སོགས་སུ་སྐྱེ་བ་མང་། མེ་ཏོག་བོད་ཟླ་ལྔ་པའི་ནང་བཏུས་ཏེ་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ་དང་། མེ་ཏོག་རོ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་ཡང་བ་དང་། འབྲུ་གུས་རྣ་བའི་ནད་དང་འོན་པ་སེལ་བ། རྩ་བ་དང་མེ་ཏོག་གཉིས་ཀྱིས་ཕོ་བ་སྦོས་པ་དང་རླུང་འཁྱིལ་བ་སེལ་ཞིང་། བཤང་བ་འགགས་པ་རྣམས་འཇམ་པོར་སྦྱོར་བར་བྱེད་པ་ཡིན། |
| Domain | གསོ་རིག |