106675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨུཏྤལ་སྔོན་པོ་ (1)
Part of speech མིང་ཚིག
Definition མེ་ཏོག་ཨུཏྦལ་གྱི་རིགས་སྔོན་པོ་ཞིག།

{{#arraymap:ཨུཏྤལ་སྔོན་པོ་

|; |@@@ | | }}

ཨུཏྤལ་སྔོན་པོ་ (2)
Part of speech མིང་ཚིག
Definition ལོ་གཉིས་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་འཇམ་ཞིང་སྙུང་རིལ་དབྱིབས་ཅན་ལ་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། ལོ་མ་ལྗང་སེར་མཐུག་པ་མདུང་རྩེའི་དབྱིབས་ཚོམ་བུར་སྐྱེ་བ། ངར་པ་ཅུང་རིང་ལ་མཐའ་མཉམ་པའི་རྩེ་ཟླུམ་པ་རྒྱབ་མདུན་གཉིས་ཀར་སྤུ་སེར་འཇམ་པོས་ཁྱབ་ཡོད་པ། སྡོང་པོ་ཁོང་སྟོང་སྦོམ་པ་རིང་ཞིང་རྐྱང་པར་ཡལ་ག་མེད་པ་ལོ་མ་རྣམས་ཀྱི་དབུས་ནས་འདྲོང་པོར་སྐྱེ་བ། སྡོང་པོའི་ལོ་མར་ངར་པ་མེད་ཅིང་ལོ་སྡོང་གཉིས་ལའང་སྤུས་ཁྱབ་པ་སྡོང་པོའི་ནང་དུ་ཆུ་སེར་འདྲ་བའི་ཟགས་ཁུ་ཚི་ཅན་ཡོད་པ། མེ་ཏོག་སྔོ་ལ་དཀར་ཤས་ཅུང་ཡོད་པ་ཤིན་ཏུ་མཚར་བ། འདབ་མ་ལྔ་ལྡན་སྡོང་པོའི་སྟོང་ཆར་བང་རིམ་དུ་འཆར་བའི་དབུས་སུ་ཟེའུ་འབྲུ་སེར་པོ་ཡོད་པ་འབྲས་བུ་དུད་མདོག་བུམ་དབྱིབས་འདྲ་བའི་ནང་ས་བོན་སེར་ནག་ཞིབ་ཅིང་མང་བ་ཡོད་པ། བོད་ཀྱི་ས་ཁུལ་མང་ཆེ་བའི་ཡུལ་ལུང་ཁག་གི་རི་བོ་མཐོ་ཞིང་ཁ་བྱང་བལྟས་ཀྱི་གཡའ་དང་རྫ་གསེབ་ཏུ་སྐྱེ་བ་མང་ཞིང་། སྨན་དུ་མེ་ཏོག་དགོས་པ་ཡིན་རུང་དཀོན་པས་རྩ་ལོ་མེ་འབྲས་བོད་ཟླ་ལྔ་པ་ཙམ་ལ་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ལྕི་བས་གློ་ཚད་དང་། མཆིན་ཚད་སོགས་ཚ་བའི་ནད་རིགས་ཀུན་དང་། གྲེ་བའི་གཉན་ཚད། ཚ་ཆུ་དང་འབུམ་ཆུ་སོགས་ལ་ཕན་པ་ཡིན།
Domain གསོ་རིག

{{#arraymap:ཨུཏྤལ་སྔོན་པོ་

|; |@@@ | | }}