106752
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། སྤྱོད་རྒྱུད། རྙིང་མ། ཨུཔ་སྡེ་བཞི་ནི་ཕྱི་རྒྱུད་སྡེ་གསུམ་གྱི་ནང་གསེས་ཨུཔཡ་འམ་སྤྱོད་རྒྱུད་ཀྱི་གཞུང་སྟེ། བཀའ་བརྒྱད་རྣམ་བཤད་ལས། ཨུཔཡ་ནི་གཞུང་ཨུཔ་སྡེ་བཞིར་གྲགས་པ་ལྟ་བུ་སོགས་བཀའ་དང་དེའི་དགོངས་འགྲེལ་གྱི་ལུང་ལ་བརྟེན་ནས། ཆོས་དབྱིངས་རིག་པའི་ཡེ་ཤེས་ཀྱི་བྱིན་རླབས་རིགས་བཞིའི་ལྷའི་མཚན་མ་ལ་བདག་མདུན་སྤུན་གྲོགས་ཀྱི་ཚུལ་དུ་བསྒོམས་པས་དངོས་གྲུབ་སྒྲུབ་པར་འདོད་པ་སྟེ། དེ་ཡང་ཨུཔ་སྡེ་བཞི་ནི། རྣམ་སྣང་མངོན་བྱང་གི་རྒྱུད། མེ་དཔུང་འབར་བའི་རྒྱུད། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་ཏནྟྲ་དང་བཞི་ཞེས་གསུངས་སོ། །ཞེས་གསལ། |
| Domain | ཆོས་ལུགས། |