106885
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཔལ་དབང་ཆེན་དགྱེས་རབ་རྡོ་རྗེའི་གསུང་གིས་བསྐུལ་ཏེ། བོད་ཡིག་ཕྱི་མོ་སུམ་ཅུ་དང་འདོགས་དྲུག་ཚིགས་བཅད་གཅིག་གི་ནང་དུ་ཚང་བ་ཞིག་བྲིས་ཞེས་གསུངས་པ་བཞིན། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི་ཕྱི་ལོ་༡༨༧༤ ལོའི་བོད་ཟླ་༡༢ཚེས་༡༩ལ་ལབ་ལུང་ཆོས་སྡེ་ཆེན་པོར་བྲིས་ཤིང་། སླར་ལོ་དེའི་ས་གླང་ཟླ་བ་དང་པོའི་ཚེས་གསུམ་ཉིན་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་འབྲུ་རེ་ཟུང་གསར་བཅོས་དང་བཅས་མཛད་པ། ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་དུ་བོད་ཡིག་གསལ་བྱེད་སུམ་བཅུ་དང་འདོགས་ཅན་དབྱངས་བཅས་ཚང་བར་བྱས་པ་ཞིག་གོ ། |
{{#arraymap:ཨེ་ཡིག་སྟོང་ཆེན་
|; |@@@ | | }}