106900
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་རྒྱལ་བཅུ་པ། སའི་ལེགས་དྲུག་གམ་བར་གྱི་ལེགས་དྲུག་གི་ཡ་གྱལ། ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་རྒྱལ་པོ་སྤུ་དེ་གུང་རྒྱལ་དང་། བཙུན་མོ་འོམ་ཐང་སྨན་མཚོའམ་བོམ་ཐང་རྨང་གཉའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་ལེགས་བཤད་རིན་པོ་ཆེའི་མཛོད་ལས་སྐུ་གཤེན་སྟོབས་ར་ཤིབ་ཤང་གིས་མཛད་ཅིང་གསས་ཁང་ས་ལེ་ལྗོན་བྱུག་བཞེངས་ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། ཞེས་གསུང་སོ། ། བཙུན་མོ་དམུ་ལྕམ་བྲ་མ་ཁབ་ཏུ་བཞེས་ནས་རིགས་སྲས་དེ་ཤོ་ལེགས་སྐུ་འཁྲུངས། སྐུ་མཁར་སྟག་རྩེ་བཞེངས། ཁོང་གི་བང་སོ་གཡའ་སྤང་མཚམས་སུ་བཏབ། |